ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཀྲེན་ཁྲང་གིས་ཏུའུ་ལན་རྫོང་དུ་གྲོས་གཞིའི་བྱ་བར་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ནས22ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲེན་ཁྲང་ཏུའུ་ལན་རྫོང་དུ་སོང་ནས། སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང“མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི”གྲོས་གཞིར་སྒྲུབ་གཉེར་བྱེད་པར་རྟོག་ཞིབ་བྱས། 

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཏུའུ་ལན་རྫོང་སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན་རྗེས། ཝང་ཀྲེན་ཁྲང་གིས་མཚོ་ནུབ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གྲོས་གྲོས་གཞིའི་བྱ་བའི་ནང་དོན་ལ་གསར་ཤོས་ཆེ་བ་དང་ཕན་འབྲས་ལྡན་པ། ཁྱད་ཆོས་ལྡན་པ། བཀྲག་མདངས་འཚེར་ས་ལྡན་པ་མ་ཟད། བརྗོད་གཞི་གདམ་གསེས་བྱས་པ་གནད་བསྡུས་ཅན་དང་། ཚད་གཞི་རྩེར་སོན་ཅན། ཞབས་ཞུ་སྤུས་ལེགས་ཅན། དོན་འཁྱོལ་ནུས་ལྡན་ཅན། བྱ་བ་ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་ཡོད་པར་བསྟན། ཁོང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ཀྱི་བྱ་བ་དང་ལྟེ་བའི་ལས་འགན་ལ་དམིགས་པ། “གྲོས་འདོན་དང་གཞི་འཛུགས་པ། བསྒྲུབ་པ། ལྟ་སྐུལ་”བཅས་གནད་འགག་གི་ལྷུ་ཚིགས་བཞི་གཙོ་གནད་དུ་བཟུང་ནས། གྲོས་གཞི་འདེམས་གསོ་ཕྱོགས་ལ་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཆ་འཕྲིན་སྤེལ་རེས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། “བདམས་གསེས་བྱས་པ་འགྲིག་པ་དང་། བདམས་གསེས་བྱས་པ་གནད་དུ་འཁེལ་བར”ནན་ཏན་གྱིས་འགན་ལེན་བྱེད་པ། གྲོས་གཞི་ཞིབ་བཤེར་ཐད་སྤུས་ཚད་ཕྱོགས་སྟོན་འབུར་ཐོན་ཡོང་བར་བྱེད་པ། ཞིབ་བཤེར་དང་གོང་འཕེལ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “སྤུས་དག་པརའཛུགས་པ་དང་། ལེགས་པར་འཛུགས་པར”འགན་ལེན་བྱེད་པ། གྲོས་གཞི་སྒྲུབ་པའི་ཐད་ཕན་འབྲས་ཀྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བར་བྱེད་པ། སྐུལ་སྒྲུབ་ཀྱི་གྲོས་མོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “སྒྲུབ་ཐུབ་པ་དང་དོན་དངོས་ལྟར་སྒྲུབ་པར”འགན་ལེན་བྱེད་པ། གྲོས་གཞི་དཔྱད་བསྡུར་ཐད་ལྕག་སྐུལ་དང་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བར་བྱེད་པ། དཔྱད་ཞིབ་དང་སྣེ་ཁྲིད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “ཞབས་ཞུ་ལེགས་པོ་དང་འགན་སྲུང་ལེགས་པོ”ཡོང་བར་ནན་ཏན་གྱིས་འགན་ལེན་བྱེད་པ། སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པར་བསྟན།

ཏུའུ་ལན་གྱི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་རྟོག་ཞིབ་བྱེད་སྐབས། ཝང་ཀྲེན་ཁྲང་གིས་ཞིང་ཆེན་སྲིད་གྲོས་ཀྱི་གཙོ་གནད་གྲོས་གཞི་སྒྲུབ་པའི་གོ་སྐབས་གལ་ཆེན་ལ་བརྟེན་ནས་ཁེ་ལས་ཀྱི་བྱེད་པོ་མངོན་གསལ་དོད་པོ་ཡོང་བ་དང་། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་རྟགས་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ། སྒྲིག་བཀོད་ཆ་ཚང་འཐུས་ཚང་དུ་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མི་སྣ་ཡོངས་ཞུགས་པ་དང་། དམངས་ཡོངས་ཀྱི་ཡོངས་འབབ་འཕར་བ། རྫོང་ཡོངས་རིམ་སྤོར་བཅས་ཀྱི་ཐོན་ལས་གླིང་ཁུལ་གྱི་དཔེ་མཚོན་བསྐྲུན་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།