མཚོ་སྔོན་ཞིང་ཆེན་ལས་ཁུངས་ལས་དོན་ཁོངས་གཏོགས་ཀྱི་ལས་ཁུངས3དང་མི་སྒེར3ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན་འཚོགས་པའི་རྒྱལ་ཡོངས་ལས་ཁུངས་ལས་དོན་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་། མཚོ་སྔོན་ཞིང་ཆེན་ལས་ཁུངས་ལས་དོན་ཁོངས་གཏོགས་ཀྱི་ལས་ཁུངས3དང་མི་སྒེར3ལ་གཟེངས་བསྟོད་ཐོབ།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་དང་། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་བཅས་ཀྱི་ཐུན་མོང3ལ“རྒྱལ་ཡོངས་ལས་ཁུངས་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ་པ་དང་། ཞིང་ཆེན་སྲིད་གཞུང་ལས་ཁུངས་དང་བུ་བཅོལ་ཁང་གི་ཡོན་ཀྲང་ཀྲང་ཞིའུ་རུའུ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཐོན་ལས་གསུམ་པའི་ཞབས་ཞུ་འགན་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེན་ལུའུ་ཝེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་པ་ཝང་ཧྲིན་ཧུའུ་བཅས་ལ“རྒྱལ་ཡོངས་ལས་ཁུངས་ལས་དོན་བྱ་བའི་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ། 

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ལས་ཁུངས་ལས་དོན་བྱ་བར་ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཚན་རིག་དང་མཐུན་པའི་དོ་དམ་དང་། ཁྲིམས་ལྟར་འགན་ལེན། སྤུས་ལེགས་ཞབས་ཞུ་བཅས་རྒྱུན་འཁྱོངས་བྱས་ནས་ཏང་སྲིད་ལས་ཁུངས་ཀྱི་ནུས་པ་མཐོ་བ་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་པར་འགན་ལེན་བྱས། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ལས་དོན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ད་རེས་ཀྱི་གཟེངས་བསྟོད་ཚོགས་ཆེན་གྱི་གོ་སྐབས་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་མིག་དཔེར་བཟུང་ནས། སྔོན་ཐོན་ལ་སློབ་སྦྱོང་དང་དཔེ་མཚོན་ལ་དཔེ་བལྟས་ནས་སྤྲོ་སེམས་སྔར་ལས་འཕེལ་བ་དང་། དོན་དངོས་སྔར་ལས་སྒྲུབ་པའི་སྤྱོད་ཚུལ། སྔར་ལས་དཔའ་ངར་ཆེར་སྐྱེད་ཀྱི་སྟོབས་ཤུགས་བཅས་ཀྱིས་ལས་ཁུངས་ལས་དོན་བྱ་བའི་ནང་ཧུར་ཐག་གིས་ཞུགས་ཏེ་ལས་ཁུངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།