ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་མི་མེད་གནམ་གྲུའི་དོ་དམ་སྲུང་སྐྱོང་རུ་ཁག་ཐོག་མ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་སྤྱི་གླིང་སྐོར་སྐོར་ཞིབ་ཆེད་ལས་ལག་རྩལ་ཇེ་མཐོར་གཏོང་ཆེད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་དོ་དམ་སྲུང་སྐྱོང་ས་ཚིགས40ལ་སྐོར་ཞིབ་མི་མེད་གནམ་གྲུ50བཀོད་སྒྲིག་བྱས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མི་མེད་གནམ་གྲུའི་དོ་དམ་སྲུང་སྐྱོང་རུ་ཁག་ཐོག་མ་བཙུགས་པ་རེད།

ཟླ6པའི་ཚེས22ཉིན་ནས་ཚེས25ཉིན་བར་དུ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་ཆེད་ལས་སྡེ་ཁག་མངག་བཅོལ་བྱས་ཏེ་མི་མེད་གནམ་གྲུའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། གསོ་སྦྱོང་ལ་ཞུགས་མཁན120ལྷག་གིས་བདེ་བླག་ངང་ལག་རྩལ་དཔྱད་ཞིབ་བརྒྱུད་དེ། མི་མེད་གནམ་གྲུའི་ཁ་ལོ་བའི་ཐོབ་ཐང་དཔང་ཡིག་བླངས་བ་དེས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲུང་སྐྱོང་ས་ཚིགས་ཚད་ལྡན་ཅན་དང་ཆ་འཕྲིན་ཅན། རིག་ནུས་ཅན་འཛུགས་སྐྲུན་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན།

མདོ་ལོ་རིང་མོའི་རྒྱབ་ཁབ་སྤྱི་གླིང་ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྲུང་སྐྱོང་གཙོ་གནད་དུ་བཟུང་ནས། སྲུང་སྐྱོང་དོ་དམ་ནུས་བ་དང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་སྟེ། ཚད་ལྡན་ཅན་གྱི་དོ་དམ་སྲུང་སྐྱོང་ས་ཚིགས40འཛུགས་སྐྲུན་བྱས་ནས་འཁོར་སྐྱོད་བྱེད་མགོ་བརྩམས་ཤིང་། རྒྱལ་ཁབ་སྤྱི་གླིང་ཉེ་འགྲམ་གྱི་ས་ཁོངས་སྤྱི་ལེ་གྲུ་བཞི་མ་ཁྲི2.6ལ་ཁྱབ་ནས། ཕྱོགས་ཡོངས་ནས་གྲངས་འཛིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་བྱས་ལ། ཆ་འཕྲིན་ཅན་གྱི་གྲངས་འཛིན་དཔེ་དུམ་མ་ལག་རགས་ཙམ་ཆགས་ནས། དྭངས་གསལ་སྤྲིན་སྟེགས89ཡིས་དུས་ཐོག་ཏུ་ལྟ་སྐུལ་དོ་དམ་གྱི་པར་རིས་བརྒྱུད་གཏོང་བྱས་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་པར་ཆས214སྐུད་མེད་བརྒྱུད་གཏོང་དང་རང་འགུལ་པར་ལེན་ཐུབ་ནས་མཁའ་དབྱིངས་གཅིག་དྲིལ་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་སྤྱི་ལེ་གྲུ་བཞི་མ8000ཟིན་ཡོད། དེ་དང་ཆབས་ཅིག་སྐོར་ཞིབ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་བཙུགས་ནས། ཟླ་རེར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐོར་ཞིབ་སྲུང་སྐྱོང་བརྡ་ཁྱབ་ཡོངས་བསྒྲགས་བྱས་ཏེ། ལངས་གཟུགས་རྣམ་པའི་སྐྱེ་ཁམས་སྲུང་སྐྱོང་ལྟ་སྐུལ་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། བསྡོམས་རྩིས་ལྟར་ན། 2021ལོ་ཁོ་ནར་དོ་དམ་སྲུང་སྐྱོང་བ1265ཡིས་བསྡོམས་པས་སྐོར་ཞིབ་ཐེངས་ཁྲི4.4བྱས་པ་དང་། སྐོར་ཞིབ་ལམ་ཐག་སྤྱི་ལེ་ཁྲི134.7ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།