ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་གྲོང་དར་ཞིང་མཛེས་ལ་མི་རྣམས་ལས་ལ་བརྩོན་པའི་ཏུང་ཀྲི་ཀོའུ་སྡེ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྨོན་འདེབས་རྫོགས་རྗེས་ཀྱི་དབྱར་ཁའི་དྲོད་འཇམ་རླུང་བུ་དལ་གྱིས་ལྡང་བའི་དུས་སུ། གསར་འགོད་པ་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲུའོ་པེ་བོད་རིགས་ཞང་ཏུང་ཀྲི་ཀོའུ་སྡེ་བར་འབྱོར་བ་དང་། རབ་ཏུ་མཛེས་པའི་ལུང་པའི་ཕུ་མདའ་ཀུན་ཏུ་སྡེ་མི་རྣམས་རང་རང་གི་ལས་ལ་བྲེལ་བཞིན་ལྗང་ནེམ་ནེམ་དུ་འདུག་པའི་ཚོད་མ་མགོ་ལོག་གི་སོན་རྐང་རེ་རེ་ཞིང་ནང་དུ་འཛུགས་བཞིན་ཡོད་ཅིང་། དུས་མཚུངས་སུ། སྡེ་མི་རྣམས་ཀྱི་རེ་བའི་ས་བོན་གཏོར་བཞིན་པའི་རྣམ་པ་མཐོང་། “ད་སྐབས་ནི་ཏག་ཏག་ཚོད་མ་མགོ་ལོག་འདེབས་པའི་དུས་ཚིགས་ཆེས་ལེགས་ཤོས་དེ་ཡིན། ད་ལོ་ང་ཚོར་མུ་མཐུད་དུ་ཚོད་མ་མགོ་ལོག་འདེབས་ས་སྤྱི་ཆིང17.33ཡོད་པ་དང་། ལྷག་མའི་སྤྱི་ཆིང6ཏུ་ལོག་གར་འདེབས་དགོས”ཞེས་ཏ་ཐུང་གོ་མེ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་འགན་འཛིན་པ་པའོ་ཐུང་ཧྥུ་ཡིས་བཤད།

ཏུང་ཀྲི་ཀོའུ་སྡེ་བ་ནི་བར་སའི་ས་ཁུལ་དུ་གཏོགས་ཤིང་། ལྟོས་བཅས་ཀྱིས་ས་བབ་དང་མཚོ་ངོས་ཀྱི་མཐོ་ཚད་ཅུང་མཐོ་ནའང་། རི་བོའི་ཁྱུ་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་ཏུང་ཀྲི་ཀོའུ་སྡེ་བ་ནི་སྔོ་ལྗང་གི་རི་ཐང་དུ་ཕྲ་ཚོམ་བཏབ་པ་བཞིན་ནར་མོའི་གཟུགས་སུ་ཆགས་ཡོད་ཅིང་། རིང་ཚད་ལ་སྤྱི་ལེ3.4ཙམ་ཡོད། སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ཏུ་སྤྱི་ཆིང178.53ཅན་གྱི་ཚང་ཚིང་དུ་འཁྲིགས་པའི་རང་བྱུང་ནགས་ཚལ་ལ་བརྟེན་ནས། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། བསྟུད་མར་ཤིང་ཁང44བསྐྲུན་ཏེ་ཡུལ་སྐོར་ལས་སྒོ་གཉེར་ཞིང་། ཏུང་ཀྲི་ཀོའུ་སྡེ་བའི“གྲོང་གསེབ་ཡུལ་སྐོར”གྱི་སྒོ་འཕར་ཡངས་པོར་ཕྱེས།

མེད་པ་ནས་ཡོད་པར་བསྒྱུར་རྒྱུ་ནི་ལས་སླ་མོ་ཞིག་མིན་ལ། ཡོད་པ་ནས་མང་པོར་བསྒྱུར་རྒྱུ་ནི་དེ་བས་ཀྱང་དཀའ་ཚེགས་ལྡན། འདི་ནི་སྡེ་བའི་ཏང་ཀྲི་པུའུ་ཡིས་མགོ་ཁྲིད་ཚན་ཁག་ནན་འཛུགས་བྱས་པ་དང་། སྡེ་བ་རིམ་པའི་བྱ་འགུལ་སྤེལ་ཡུལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ། ཏང་ཡོན་སློབ་གསོ་གཙིགས་སུ་བཟུང་བ་བཅས་ཀྱིས། “གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”དངོས་བསྟར་བྱས་པའི་གྲུབ་འབྲས་སུ་ངེས། ལོ་འདི་གཉིས་ཀྱི་རིང་ལ། སྡེ་བའི་ནང་དུ་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཕྱི་ཕྱོགས་སུ་རྟོག་ཞིབ་བྱས་པ་དང་། ཧུར་ཐག་གིས་ས་གནས་གཞན་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་བྱས་ཤིང་། “ཏང་ཀྲི་པུའུ+མཉམ་ལས་ཁང+རྟེན་གཞི+ཁྱིམ་ཚང”གི་མ་དཔེ་བརྒྱུད་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དང་རྒྱ་བསྐྱེད་བཏང་། 2021ལོར། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི57.5རུ་སླེབས་པ་དང་། སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.5རུ་སླེབས་པས། ཏུང་ཀྲི་ཀོའུ་སྡེ་བ་རྒྱལ་ཡོངས་ཀྱི་སྐོར་ཐེངས་གསུམ་པའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་གཙོ་གནད་སྡེ་བར་བདམས་ཐོན་བྱུང་།

ཁོད་ཡངས་ལ་གྲ་དག་པའི་སྡེ་བའི་སྲང་ལམ་གྱིས་རི་ཚོགས་དང་ནགས་ཀླུང་བརྟོལ་ནས་ཡོད་ལ། ཁྱད་ལྡན་གྱི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་ཀར་མཛེས་ཉམས་ཀྱིས་རབ་ཏུ་སྤུད་ནས་ཡོད། “རང་ཁྱིམ་གྱི་སྒོ་ཁ་ནས་ཕྱུག་འགྱུར་བྱུང་བ་དང་ཡོང་འབབ་འཕར་སྣོན་བྱུང་ཡོད་པས། ངས་རང་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ལ་བསྟོད་པའི་མཐེ་བོང་སྒྲེང་གིན་ཡོད”ཅེས་སྡེ་མི་ཀྲའོ་ཝུན་ཁོ་ཡིས་མཐེ་བོང་སྒྲེང་བཞིན་དེ་ལྟར་བཤད་པ་དང་། ཀྲའོ་ཝུན་ཁོ་ནི2015ལོར་ད་དུང་དབུལ་པོར་ལུས་ཡོད་ནའང་། ད་ལྟ་ཁོ་ནི“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཞིང་ལས་པ”རུ་གྱུར་ཡོད་ལ། སྡེ་བའི་ནང་གི་ཕྱུག་སྒྱུར་སྣེ་ཁྲིད་པར་ཡང་གྱུར་ཡོད།

རང་ཁྱིམ་གྱི་སྒོ་རའི་མདུན་དུ་ལངས་ནས་ཀྲའོ་ཝུན་ཁོ་ཡིས་ང་ཚོར་ངོ་སྤྲོད་ཀྱི་ཚུལ་དུ་བཤད་རྒྱུར། “ད་ལྟའི་འཚོ་བ་སྐྱིད་པོ་འདི་འདྲ་ནི་སྔོན་ཆད་ཡིད་ལའང་དྲན་མ་མྱོང་། ན་ནིང་ཡུལ་སྐོར་པ་མང་བའི་སྐབས་སུ། ཞིང་ཁྱིམ་སྤྲོ་སྐྱིད་གླིང་ཀ་དང་ཞིང་ལས་འདེབས་འཛུགས་མཉམ་ལས་ཁང་གི་ཁེ་སྤོགས་ལ་བརྟེན་ནས། གཟའ་འཁོར་གཅིག་གི་རིང་ལ་སྔོན་ཆད་ལོ་གཅིག་རིང་ལ་གླ་བརྒྱབ་ན་ད་གཟོད་འཐོབ་ཐུབ་པའི་ཡོང་འབབ་འཚོལ་ཐུབ་པས། འཚོ་བ་ཇེ་བཟང་ཇེ་ལེགས་རེད”ཟེར། ཀྲའོ་ཝུན་ཁོ་ཡིས་བྲང་ཁར་བཏགས་པའི་ཏང་རྟགས་ལ་ལྟ་བཞིན་བཤད་རྒྱུར། “ན་ནིང་ང་ཡང་གཟི་བརྗིད་ལྡན་པའི་ངང་ནས་ཀྲུང་གོ་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར། རྗེས་ཕྱོགས་ངས་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། དེ་དུས་ཀྱི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་དབྱིན་རེན་ནང་བཞིན་ཚང་མར་ཐབས་འདོན་ཇུས་འབུལ་བྱེད་པ་དང་ཚང་མར་སྣེ་ཁྲིད་ནས་མཉམ་དུ་ཕྱུག་འགྱུར་བྱེད་རྒྱུ་ཡིན”ཞེས་བཤད།

ད་ལོར། ཏུང་ཀྲི་ཀོའུ་སྡེ་བས“མཇུག་སྒམ”བཟོ་འགོད་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་འཆར་འདུག “ང་ཚོས་ཡུལ་སྐོར་ཐོན་ལས་སྦྲེལ་རྡང་རིང་དུ་བསྲིངས་ནས། ཡུལ་སྐོར་པ་རྣམས་ལ་བཟའ་བཏུང་དང་འགྲོ་འདུག་སྤྱོད་གསུམ་གྱི་མཐུན་རྐྱེན་ལེགས་པོ་བསྐྲུན་པ་དང་། ཕྱིར་ལོག་ཁར་རླངས་འཁོར་གྱི་མཇུག་སྒམ་དུ་ཁྱད་ལྡན་ཐོན་རྫས་ཀྱིས་གང་བར་བྱེད་དགོས”ཞེས་ནུབ་རྒྱུད་གཏེར་ལས་ཚོགས་ཁག་ཚད་ཡོད་ཀུང་སིའི་ལས་བཟོ་པའམ་སྡེ་སྡོད་ཧྲུའུ་ཅི་དང་པོ་ཝང་ཆང་གིས་དེ་ལྟར་བཤད་པ་དང་། ནུབ་རྒྱུད་གཏེར་ལས་ཚོགས་ཁག་ཚད་ཡོད་ཀུང་སིའི་རོགས་སྐྱོར་ལ་བརྟེན་ནས། ད་ལོར་སྒོར་ཁྲི300ཡི་མ་དངུལ་བཏང་སྟེ་སྣུམ་མཛོད་བསྐྲུན་ཞིང་། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་སྡེ་དམངས་ཀྱི་ལོག་གཡིས་ཚང་མ་ཀུང་སི་འདི་གས་བསྡུ་ཉོ་བྱེད་རྒྱུ་རེད།

ཏང་གི་དར་ཆས་གྲོང་གསེབ་ཕྱུག་འགྱུར་ལ་ཁྲིད་སྟོན་བྱས། ཏུང་ཀྲི་ཀོའུ་སྡེ་བས་ཏང་ཡོན་དང་མང་ཚོགས་ལ་སྣེ་ཁྲིད་དེ་ཧུར་ཐག་སྒོས་གྲོང་གསེབ་ཡུལ་སྐོར་གོང་འཕེལ་བཏང་ཞིང་། ཏིའོ་ཀོའུ་ལུང་བའི་རྒྱུད་ཀྱི་གྲོང་གསེབ་ཡུལ་སྐོར་རོགས་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པའི་སྐབས་བབ་དང་བསྟུན་ནས། “ཚ་གཡོལ་གྱི་ཞིང་ཁམས། རྐང་ཐང་བའི་གནས་མཆོག”ཅེས་པའི་ཡུལ་སྐོར་ཚོང་རྟགས་སྐྲུན་བཞིན་ཡོད་ལ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཆེ་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།