ཀྲུང་གོ་བོད་ཀྱི་དྲ་བ།

“ནགས་ཚལ་ཁྱིམ་བཞིན་སྲུང་བའི”ཏང་ཡོན་རྒན་པ་རྡོ་དཀར་ཚེ་རིང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནགས་ཚལ་སྟུག་ཅིང་རྩྭ་ས་སྔོ་ཞིང་ལྗང་ལ། ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་བག་ཡངས་སུ་རྒྱུ་བཞིན་འདུག གྱ་གྱུར་བཞུར་བའི་ཆུ་ཕྲན་དུ་སྔོ་བསངས་ནམ་མཁའི་གཟུགས་བརྙན་མངོན་ཞིང་། ཕྱོགས་གཉིས་ཀྱི་བྲག་རི་དམར་པོའི་བར་གསེང་ནས་ལྗང་ནེམ་ནེམ་དུ་ཡོད་པའི་ལོ་ཏོག་གི་ལྗང་མྱུག་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་། བྲག་རི་དམར་པོ་དང་ཆུ་བོ་དྭངས་མོའི་ཡིད་འོང་གི་ཤོག་དྲིལ་རི་མོ་ཞིག་རྨ་ཆུའི་གཤོང་ས་རུ་རིམ་པར་བསྟར་འདུག

དེ་རིང་ཡང་ཉིན་རྒྱུན་དང་འདྲ་བར། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་བོད་རིགས་ཞང་ལྕང་ཤར་སྡེ་བའི་ཏང་ཡོན་རྒན་པ་རྡོ་དཀར་ཚེ་རིང་གིས་ལུས་ལ་དམག་ལྭ་ཞིག་དང་རྐང་ལ་འགྱིག་ལྷམ་རྙིང་པ་ཆ་གཅིག མགོ་ལ་རྩྭ་ཞྭ་ཞིག་དང་བྲང་ཁར་ཏང་རྟགས་བཏགས་ནས་ཡོད་ཅིང་། ཉེ་འགྲམ་གྱི་མི་ཚང་མས་ཁོ་རང་ནགས་ཚལ་ལ་སྐོར་ཞིབ་བྱེད་དུ་འགྲོ་བ་ཤེས་འདུག

“ང་རང་ཆུང་དུས་ནས་དར་རྒྱལ་ནས་ནར་སོན་པ་ཡིན། སྔོན་ཆད་རི་མགོ་རུ་སྡོང་ཕྲན་གཅིག་ཀྱང་སྐྱེས་མེད་པར་སྐྱ་ཐིང་ངེར་འདུག་ཅིང་། དུས་རབས་གོང་མའི་ལོ་རབས་དགུ་བཅུ་ནས་བཟུང་། ཞིང་བསྐྱུར་ནགས་གསོ་དང་རི་རྒྱ་ནགས་གསོ། ནགས་སྲུང་དཔུང་སྡེ་སྒྲིག་འཛུགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པ་བརྒྱུད། ད་ལྟའི་རྡོ་སྦིས་ཞང་གི་མངའ་ཁོངས་ཀྱི་རང་བྱུང་ཡུལ་ལྗོངས་ནི་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཏེ། མི་སྔར་ལས་མང་པོ་ཞིག་ས་ཆ་འདིར་ཡོང་ནས་རྒྱུས་ལོན་བྱེད་ཀྱིན་འདུག”ཅེས་རྡོ་དཀར་ཚེ་རིང་གིས་སྔོ་ལྗང་ལྗང་གི་རི་བོར་བལྟས་ནས་ང་རྒྱལ་དང་བཅས་ཏེ་བཤད་བྱུང་།

ད་ལོ་ལོ་ན58ལ་སོན་པའི་རྡོ་དཀར་ཚེ་རིང་ནི་རྡོ་སྦིས་ཞང་ནགས་རའི་སྤྱིར་བཏང་གི་ནགས་སྲུང་པ་ཞིག་ཡིན། རྡོ་སྦིས་ཞང་གི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ606.7ཡོད་པ་དང་། ཉེ་འགྲམ་གྱི་ཆུ་དྭངས་རི་སྔོ་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཆེད། རྡོ་སྦིས་ཞང་ཏང་ཨུས་ཏང་གི་འཛུགས་སྐྲུན་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་བརྩིས་ཏེ། གྲོང་གསེབ་དར་སྤེལ་གྱི“ལས་སྒོ་དང་པོ”སྐུལ་སྤེལ་བྱས་པ་དང་། “ལྗང་མདོག”ཐད་ནས་བྱ་བའི་ཐབས་ལམ་གསར་གཏོད་བྱས་ཏེ། “ཏང་གི་འཛུགས་སྐྲུན+སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན”གྱི་དཔེ་དབྱིབས་གསར་པ་ནུས་ཤུགས་གང་ཡོད་སྒོས་འཚོལ་ཞིབ་བྱས། དེ་དང་ཆབས་ཅིག་ཏུ། ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཀྱི་དྲ་མིག་ཅན་གྱི་བཅོས་སྐྱོང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་བའི“ཨུ་ལྷན”གྱི་ཁོངས་མི་དང་སྡེ་བའི་ཏང་ཡོན། སྡེ་དམངས་ཚན་ཆུང་གི་ཚན་གཙོ། ཡུལ་ཚོའི་འཇོན་མི་སོགས་དྲ་མིག་དོ་དམ་གྱི་སྒྲིག་ཁོངས་སུ་བཞག་སྟེ། གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་དང་སྐྱེ་ཁམས་བྱ་བ་གཉིས་ཀྱིས་ཕན་ཚུན་ལ་སྐུལ་སྤེལ་དང་མཉམ་དུ་མཐོར་འདེགས་གཏོང་བ་མངོན་འགྱུར་བྱས། ཉེ་བའི་ལོ་འགའི་རིང་ལ། སྔ་རྗེས་སུ་ཉིན་པ་དང་བླ་མའི་ལུང་བ། དམག་དཔོན་སོགས་སུ་བསྡོམས་པས་སྤྱི་ཆིང333གྱི་ཏང་ཡོན་སྐྱེ་ཁམས་ནགས་ཚལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། བསྟུད་མར་ལོ་ངོ4རིང་ལ་སྡེ་སྨན་དང་ཀླུ་ལུང་། ཉིན་པ་སོགས་སྡེ་བ་རུ་སོ་སོར་ཞང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ཤིང་སྡོང་འཛུགས་ནགས་སྐྲུན་གྱི་བཟོ་འགོད་སྤེལ་མགོ་བརྩམས་ཏེ། ཤུགས་གང་ཡོད་ཀྱིས་ལྗང་མདོག་སྐྱེ་ཁམས་རྡོ་སྦིས་གསར་སྐྲུན་བྱས།

རྡོ་དཀར་ཚེ་རིང་གིས་འགན་འཁུར་བའི་དར་རྒྱལ་རི་ཁུལ་གྱི་དོ་དམ་སྲུང་སྐྱོབ་ཀྱི་རྒྱ་ཁྱོན་ཆེ་ལ་རི་བོ་མཐོ། ནགས་ཚལ་སྟུག་ལ་ལུང་པ་ཟབ་ཅིང་འཕྲེད་གཞུང་ཆེ་བས། ས་དབྱིབས་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་ཡིན་ཞིང་། ཆེས་མཐོ་སའི་མཚོ་འཕགས་ནི་སྨི4500ལྷག་ཡོད། ལྕང་ཤར་སྡེ་བ་ནི་རི་དེའི་གཞུང་དུ་ཆགས་པ་དང་། རི་ལ་སྐོར་ཞིབ་བྱེད་པའི་ས་རྒྱུད་དུ་བརྡ་རྟགས་མེད་པར་མ་ཟད་གློག་ཀྱང་འཐེན་མེད། སྐོར་སྲུང་གི་ལམ་ནི་གཟར་ལ་འགྲོ་དཀའ་བ་དང་ས་ཆ་ཁ་ཤས་སུ་ཐ་ན་ལམ་ཡང་མེད།

རྡོ་དཀར་ཚེ་རིང་གིས་ལམ་དེ་ལྟ་བུ་ལ་ཅི་ཙམ་སོང་བ་སྔ་མོ་ནས་བརྗེད་ཟིན། མངའ་ཁུལ་གྱི་ཆུ་དྭངས་རི་སྔོ་ལ་སྲུང་སྐྱོབ་བྱེད་ཆེད། ཁོས“ནགས་ཚལ་ཁྱིམ་བཞིན་སྲུང་བ”དང་། ཉིན་རེར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སྤྱི་ལེ་བཅུ་ཕྲག་ལྷག་ལ་སོང་ཞིང་ལྷམ་བརྒྱ་ལྷག་ཐེད། དུས་ཆེན་གྱི་གུང་གསེང་རེ་ནི་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། ནགས་ཚལ་འགོག་སྲུང་གི་ས་ཚིགས་ནས་བསྟུད་མར་ཟླ་ངོ་གཅིག་ཙམ་གྱི་རིང་ལ་ལས་རེས་བྱེད་རྒྱུ་ནི་རྒྱུན་ལྡན་དུ་གྱུར་ཡོད། རྐང་འོག་གི་རི་ལམ་དེ་དང་མིག་མདུན་གྱི་རྩི་ཤིང་རེ་རེ་ནི་ཁོའི་བློ་ལ་རི་མོ་ཇི་བཞིན་འཁོད་ཡོད།

ནགས་སྲུང་པ་རྒན་པ་ཞིག་ཡིན་པའི་ཆ་ནས། རྡོ་དཀར་ཚེ་རིང་ལང་ཚོ་དར་ལ་བབས་པ་ནས་སྐྲ་འདབས་དཀར་པོར་གྱུར་བའི་རྒན་པ་ཞིག་ཆགས་ཀྱང་། ཁོའི་མིག་ཟུར་གཉེར་མ་དེ་ནི་ཏང་ཡོན་རྒན་པ་ཞིག་གི་ཐོག་མའི་བསམ་འདུན་དང་འོས་འགན་མ་བཏང་བའི་དན་རྟགས་ཤིག་དང་འདྲ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།