ཀྲུང་གོ་བོད་ཀྱི་དྲ་བ།

《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་གསུམ་པ)པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་གསུམ་པ)པར་སྐྲུན་འགྲེམ་སྤེལ་བྱས།

2WechatIMG2761.jpg

དཔེ་ཚོགས་འདིའི་ནང་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དེ་བསྟན་བཅོས་གྲགས་ཅན་སྐོར་ཞིག་བདམས་ཡོད་དེ། དེབ་གཟུགས་ཆུང་ཞིང་ཀློག་བདེ་བ། སྤྱོད་སྒོ་ཡངས་པའི་ཁྱད་ཆོས་འབུར་དུ་ཐོན་འདུག ཐེངས་འདིའི《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་གསུམ་པ)ནང་དུ། ས་པཎ་ཀུན་དགའ་རྒྱལ་མཚན་དང་ས་སྐྱ་ཨ་མྱེས་ཞབས་ཀྱིས་མཛད་པའི《རོལ་མོའི་བསྟན་བཅོས་དང་དེའི་རྣམ་བཤད》  སློབ་དཔོན་འཆི་མེད་སེང་གེས་མཛད་པའི《མངོན་བརྗོད་འཆི་མེད་མཛོད》 རྗེ་ཙོང་ཁ་པ་སོགས་ཀྱིས་མཛད་པའི《རྒྱན་འཇུག་གཉིས་དང་བསྟོད་ཆེན་བཞིའི་རྩ་བ》སློབ་དཔོན་ཙནྡྲ་གོ་མི་དང་ངག་དབང་བློ་བཟང་མཁས་གྲུབ་ཀྱིས་མཛད་པའི《སློབ་སྤྲིངས་རྩ་འགྲེལ》  པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི《པྲ་ཏིའི་སུམ་རྟགས་དགོངས་འགྲེལ》དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《དེབ་ཐེར་དཀར་པོ》བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི《སྙན་ངག་གི་དོགས་དཔྱོད》ངར་རྒོད་ནམ་མཁའ་སེང་གེས་མཛད་པའི《ནད་རྟགས་གསལ་སྟོན》 འདར་སྟོད་དགྲ་འདུལ་དབང་པོས་མཛད་པའི《ཐ་སྙད་རིག་གནས་ལྔའི་བྱུང་ཚུལ》 ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི《ཀུན་མཁྱེན་བློ་རྟགས》 བཅས་ཡོད་དོ། །

1WechatIMG2762.jpg

《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་དང་པོ) (དེབ་ཕྲེང་གཉིས་པ)པར་སྐྲུན་འགྲེམ་སྤེལ་གནང་རྗེས། ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་བསྐྱར་དཔར་ཐེངས་མང་པོ་བྱས་མྱོང་། 《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་དང་པོ)ནི། 《མཁས་པ་འཇུག་པའི་སྒོ》 《ཆག་ལོ་ཙཱ་བའི་རྣམ་ཐར》 《བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ》   《གྲུབ་མཐའ་རིན་ཆེན་ཕྲེང་བ་དང་ས་ལམ་རྣམ་གཞག》 《རྒྱལ་པོ་ར་མ་ཎིའི་གཏམ་རྒྱུད་ཀྱི་འགྲེལ་པ》 《མིང་གི་རྣམ་གྲངས》 《ཀོང་སྤྲུལ་ཟིན་ཏིག》 《རྟེན་འབྲེལ་བསྟོད་པའི་རྩ་འགྲེལ》 《ལམ་རིམ་ཚིགས་བཅད་མ》 《ཀླུ་སྒྲུབ་དགོངས་རྒྱན》བཅས་དང་། དེབ་ཕྲེང་གཉིས་པ་ནི། 《ལྡེའུ་ཆོས་འབྱུང》《སྨྲ་སྒོ་མཚོན་ཆའི་རྩ་འགྲེལ》《དཔེ་ཆོས་དང་བེའུ་བུམ་སྔོན་པོ》《གཅེས་བསྡུས་འཆི་མེད་ནོར་ཕྲེང》《བཟོ་གནས་ཉེར་མཁོ་གཅེས་བསྡུས》《ཐུན་མོང་རིག་གནས་ཀྱི་རྣམ་བཞག》《བཤེས་པའི་སྤྲིངས་ཡིག་གི་རྩ་འགྲེལ》《སྔགས་ཀྱི་བཀླག་ཐབས་གཅེས་བསྡུས》《སྐར་རྩིས་ཀྱི་མན་ངག་རིགས་ལྡན་སྙིང་ཐིག》《མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན》བཅས་སོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།