ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཀྲེན་ཁྲང་གིས་ཏུའུ་ལན་རྫོང་དུ་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ནས22ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲེང་ཁྲང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གྲོང་གསེབ་དར་སྤེལ་འབྲེལ་གཏུག་ས་ཚིགས་སུ་སོང་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོང་གིས་ནན་གྱིས་བསྟན་དོན། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་ཞིབ་ཕྲའི་དོན་འཁྱོལ་བཅས་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་མཛུབ་ཁྲིད་དུ་འཛིན་པ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པར་སྣེ་ཁྲིད་དང་རོགས་རམ་བྱེད་དགོས་པར་བསྟན།

ཝང་ཀྲེན་ཁྲང་གིས་ཡུལ་དངོས་སུ་འབའ་ལུང་ཤང་ཐོ་ཐོ་གྲོང་ཚོའི་གྲོང་གསེབ་དར་སྤེལ་རྣམ་གྲངས་འཛུགས་སྐྲུན་བྱ་བར་རྟོག་ཞིབ་དང་། བཞུགས་མོལ་གནང་ནས་འབྲེལ་ཡོད་བྱ་བའི་གནས་ཚུལ་ལ་ཉན་པ་མ་ཟད། ཏུའུ་ལན་རྫོང་དང་འབའ་ལུང་ཤང་། ཐོ་ཐོ་གྲོང་ཚོ་བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་བྱ་བར་ཁས་ལེན་གང་ལེགས་གནང་། དེ་དང་ཆབས་ཅིག་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཕྱོགས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོང་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་སྒྲོན་བྱ་བ་ལེགས་པར་གྲུབ་ནས། ཚན་ཁག་བཟང་པོ་ཞིག་སྐྱེད་སྲིང་བྱས་ཡོད་ལ། རྣམ་པ་བཟང་པོ་ཞིག་གཏོད་པ་བཅས་བྱས་ཡོད་པས། མིག་སྔར་དང་མ་འོངས་པའི་ཞིང་ཆེན་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་མཛུབ་ཁྲིད་དང་ཁྲིད་སྟོན་གྱི་ནུས་པ་ལྡན་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་། ཁྱོན་ཡོངས་ནས་གོ་བ་ལེན་པ། དོན་འཁྱོལ་གནད་དུ་འཁེལ་བར་བྱས་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་ནི་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩི་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ས་གནས་དེ་གའི་ཐོན་ཁུངས་ཀྱི་བཟང་ཆ་དང་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། ཐོན་ལས་ཀྱི་སྲིད་ཇུས་དང་རྣམ་གྲངས་ལ་མ་དངུལ་འཇོག་པ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཏང་འཛུགས་སྐྱོང་ལས་དོན་ལ་སྣེ་ཁྲིད་དང་། རྣམ་གྲངས་ལ་མ་དངུལ་གཏོང་བ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། དཔལ་ཡོན་ལྡན་པའི་ཡུལ་སྲོལ་གཏོད་པ་བཅས་ལ་སྔར་ལས་མཐོང་ཆེན་དང་། ཤང་དང་གྲོང་ཚོ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་མང་ཚོགས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྣེ་ཁྲིད་བྱེད་པར་རྒྱུན་ཆད་མེད་པར་ཤུགས་རྒྱག་པ་དང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། རོང་འབྲོག་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རོང་འབྲོག་པར་རྒྱུན་མཐུད་ངང་ཡོང་འབབ་འཕར་བ་དང་བརྟན་འཇགས་ཡོང་བར་འགན་ལེན་བཅས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།