ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་བཞི་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱེད་པའི་མཛད་སྒོ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲའི་འཕྲིན། ཟླ6ཚེས30ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར101ལོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པ་དང་། G0611ཀྲང་ཝུན་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ཁེ་ཐུའུ་ནས་ཧའོ་མོན་བར། རྒྱལ་ལམ109ཡི་ལི་ཏུའུ་ནས་ཕིན་ཨན་བར་གྱི་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་བཟོ་སྐྲུན། རྒྱལ་ལམ213ཡི་ཆི་ལིན་རྫོང་མཁར་ནས་འཇུ་ལག་ཆུ་བོའི་ཟམ་པའི་བར་གྱི་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་སོགས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་བཞི་འཛུགས་སྐྲུན་བྱས་ནས། རླངས་འཁོར་ཤར་གཏོང་མགོ་རྩོམ་པའི་མཛད་སྒོ་བསྡུས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་ནས་ཕིན་ཨན་གཞུང་ལམ་གྱི་ཡུན་ཅ་ཁོའུ་བསྣོལ་ཟམ་གྱི་ཚོགས་ར་གཙོ་བོའི་མཛད་སྒོར་ཞུགས་པ་དང་། རྣམ་གྲངས་བཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས་པ་ཁྱབ་བསྒྲགས་བྱས། 

ཐེངས་འདིའི་རླངས་འཁོར་ཤར་གཏོང་བྱས་པའི་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་བཞིར་ཁྱོན་མ་དངུལ་སྒོར་དུང་ཕྱུར114.5བཏང་བ་དང་། རྣམ་གྲངས་འདིས་དབྱར་གནས་ཟི་ལིང་དང་། སྤྱི་ཚོགས་ཀྱི་རིག་གནས་སྣ་འཛོམས་པའི་ལི་ཏུའུ། ཚོན་མདོག་སྣ་བདུན་གྱི་ཧུའུ་ཀྲུའུ། ལྷ་ཡུལ་གྱི་ཞིང་ཁམས་མདོ་ལ། མེ་ཏོག་གི་འཇིག་རྟེན་མིན་ཡོན། རྨ་ཙོང་ཕིན་ཨན་སོགས་ས་མཐོའི་འོད་མདངས་བཀྲ་བའི་མུ་ཏིག་རེ་རེ་རྒྱུན་ཐག་གཅིག་ལ་བརྒྱུས་ནས། མང་ཚོགས་ཡུལ་སྐོར་དུ་འགྲོ་བར་སྟབས་བདེ་བསྐྲུན། རྣམ་གྲངས་བཞི་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཞིང་། དེས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། འགྲིམ་འགྲུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ས་ཁུལ་གྱི་འཕེལ་རྒྱས་ནུས་པ་ཧུར་ཐག་གིས་མཐོ་རུ་གཏོང་བ། དམངས་འཚོ་འགན་ལེན་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་པ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་ཐོན་ལས་འཛུགས་སྐྲུན་གྱི“གནས་བཞིའི”འཐབ་ཇུས་དམིགས་ཚད་གཏོད་པ་བཅས་ལ་རམ་འདེགས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་གལ་ཆེའི་དོན་སྙིང་ལྡན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།