ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཧྥུན་ཁྲུན་ཧྲན་ཏུང་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ལ་ཞུགས་པ་མ་ཟད་ལྟ་སྦྱོང་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས26ཉིན་ནས་ཚེས28ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གདན་ཞུ་བྱས་པ་ལྟར་ཧྲན་ཏུང་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ལ་ཞུགས་ནས་ཅི་ཉིང་གྲོང་ཁྱེར་དང་། ཐའེ་ཨན་གྲོང་ཁྱེར། ཅི་ནན་གྲོང་ཁྱེར་བཅས་སུ་སོང་ནས་ཡུལ་སྐོར་བྱ་བར་ལྟ་སྦྱོང་རྟོག་ཞིབ་བྱས། ཁོང་གིས་ཞིང་ཆེན་ལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཧྲན་ཏུང་གི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱི་སྤེལ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་སྐུལ་འདེད་གཏོང་དགོས་པར་བརྗོད། 

དབྱང་ཧྥུན་ཁྲུན་གྱིས་ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་དོན་མཐའ་དག་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཞིང་ཆེན་གཉིས་ཀྱིས་རིག་གནས་ཡུལ་སྐོར་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་། ཧྲན་ཏུང་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས། ཁོང་གིས་ཧྲན་ཏུང་ནི་ཁུང་མོང་གི་ཕ་ཡུལ་དང་རིག་གནས་ཀྱི་ཞིང་ཆེན་ཆེན་པོ་དང་། ཡུལ་སྐོར་གྱི་ཞིང་ཆེན་ཆེན་པོ་ཞིག་ཡིན། རིག་གནས་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མངོན་གསལ་དོད་པའི་ལེགས་ཆ་ལྡན། ཧྲན་ཏུང་ཞིང་ཆེན་གྱིས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཏོན་ཏེ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མདུན་དུ་བསྐྱོད་པ་དང་ཇུས་གཞི་གསར་པ་འཛུགས་པའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་འགུལ་ཞིག་ཡིན། དེའི་སྟེང་ནས་རིམས་ནད་འགོག་སྡོམ་དང་རིག་གནས་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་གདེང་ཚོད་དང་འགན་འཁྲི་གང་ལེགས་ཀྱིས་མངོན་ནས། ང་ཚོས་ཡུལ་སྐོར་ལས་རིགས་སླར་གསོ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད་དཔེ་སྟོན་གྱི་མིག་དཔེ་མཁོ་འདོན་བྱས་པར་བརྗོད། 

དབྱང་ཧྥུན་ཁྲུན་གྱིས་ཞིང་ཆེན་གཉིས་ཀྱིས་མིང་རྟགས་བཀོད་པའི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ་ལེགས་ཆ་གསབ་རེས་བྱེད་པར་ཤུགས་སྣོན་དང་། ས་ཁོངས་ཡུལ་སྐོར་གྱི་མཉམ་ལས་ལམ་སྲོལ་གསར་གཏོད་བྱེད་པ། ཡུལ་སྐོར་དྲིལ་སྒྲོག་དང་འོས་སྦྱོར་ལ་ཤུགས་སྣོན། མཉམ་དུ་ཡུལ་སྐོར་གྱི་སྤུས་རྟགས་ལམ་ཐིག་གཏོད་པ། འགྲུལ་པ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐུན་མོང་གིས་བསྐྲུན་དགོས། མཉམ་འབྲེལ་གྱིས་རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། རྨ་ཆུའི་གཏམ་རྒྱུད་བཟང་པོ་བཤད་པ། རྨ་ཆུའི་རིག་གནས་ཀྱི་སྤུས་རྟགས་སྐྱེད་སྲིང་བཅས་བྱས་ཏེ་རྨ་ཆུའི་བཞུར་རྒྱུད་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པར་བརྗོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།