ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཡུལ་མཐོ་སྒང་དུ་དཔལ་ཡོན་གྱི་མེ་ཏོག་རྣམ་པར་བཞད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1656549916536969.jpg

པར་འདི་ནི་དགའ་བདེ་རྫོང་ཞ་གོང་མ་ཤང་གི“རྟ་ཐོག་གཞོན་ནུ”དང་བླངས་ཞབས་ཞུ་རུ་ཁག་རེད།

1656549922338657.jpg

པར་འདི་ནི་པད་མ་རྫོང་གི་སྲང་ལམ་དུ་བཅའ་ཁྲིམས་དང་བླངས་བྱ་འགུལ་སྤེལ་བཞིན་པའི་ཚུལ་རེད།

1656549929365437.jpg

པར་འདི་ནི་དར་ལག་རྫོང་གིས་དགུན་དུས་ཀྱི“གཤམ་གཏོང་བདུན”གྱི་ཞབས་ཞུ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་བའི་ཚུལ་རེད།

དང་བླངས་ཞབས་ཞུ་ནི་མི་ཡུལ་གྱི་ཆེས་མཛེས་པའི་ལས་དོན་ཡིན་ལ། དེ་ནི་མི་རྣམས་ཀྱི་གཅེས་སེམས་འབུལ་བ་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། དེ་ནི་སྤྱི་ཚོགས་དཔལ་ཡོན་དར་རྒྱས་ཀྱི་མཚོན་བྱེད་གལ་ཆེན་ཡང་ཡིན།

2021ལོར་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཛེས་སྡུག་འཚོ་བར་བཅངས་བའི་རེ་སྒུག་གསར་བ་སྐོང་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྫོང་དང་ཤང་གྲོང་། སྡེ་བ(སྡེ་ཁུལ)བཅས་རིམ་པ་གསུམ་ཅན་གྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས6དང་། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁང44། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ས་ཚིགས189ལ་བརྟེན་ནས། དང་བླངས་པ་ཁྲི14000ལྷག་བསྡུ་ལེན་བྱས་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་འཁེལ་བྱས་ཏེ། གཞུང་ལུགས་སྲིད་ཇུས་སྒྲོག་འགྲེལ་གྱི་དང་བླངས་ཞབས་ཞུའི་རུ་ཁག་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བླངས་ཞབས་ཞུའི་རུ་ཁག རིག་གནས་སྒྱུ་རྩལ་དམངས་ཕན་དང་བླངས་ཞབས་ཞུའི་རུ་ཁག་སོགས་རིམ་པ་མང་བའི་དང་བླངས་ཞབས་ཞུའི་རུ་ཁག901བཙུགས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དོན་དངོས་དང་སྦྲེལ་བ་དང་། རྩ་འཛུགས་རྣམ་པ་སྟབས་བསྟུན་སྣ་མང་བྱས་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་ནང་དོན་ཕུན་སུམ་ཚོགས་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུ་བྱ་འགུལ་ཐེངས10526སྤེལ་ཡོད་ཅིང་། མང་ཚོགས་བྱ་འགུལ་ཁྲོད་ཞུགས་ཚད་མི་ཐེངས་ཁྲི34810ལྷག་ལ་སླེབས་ཡོད།

རྨ་ཆེན་རྫོང་གི་ཏང་འཛུགས་སྐྱོང་གིས་བྱ་བའི་ཚན་ཆུང་བཅུ་གཅིག་གི་སྣེ་ཁྲིད་དེ་དང་བླངས་ཞབས་ཞུ་མཁར་གྲོང་དང་ཁོངས་ཡོངས་ལ་ཁྱབ་པར་བྱས་ཡོད། དགའ་བདེ་རྫོང་ཞ་གོང་མ་ཤང་གིརྟ་ཐོག་གཞོན་ནུ”ཡིས་ཏང་གི་གསར་གཏོད་གཞུང་ལུགས་དང་དཔལ་ཡོན་སྲོལ་གསར་རྒྱུན་ལྡན་གྱི་མང་ཚོགས་ཁྱིམ་དུ་སྐྱེལ་བ་དང་། པད་མ་རྫོང་གི་དམར་དམག་ལུང་བའི་དང་བླངས་ཞབས་ཞུའི་རུ་ཁག་གིས་དམར་པོའི་རྒྱུད་རྒྱུར་གཞིར་བཙུགས་ཏེ། དཔའ་བོའི་གཏམ་རྒྱུད་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་བརྗོད་པ་ནས། རྨ་སྟོད་རྫོང་སྐྱེ་ཁམས་དོ་དམ་པའི་གཙོ་ཤུགས་དམག་དཔུང་དང་བླངས་ཞབས་ཞུའི་ཁྲོད་ཞུགས་པ་དང་། གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་སླར་གསོ་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་བར། དར་ལག་རྫོང་གིས་སྲིད་ཇུས་དང་རིག་གནས། ཚན་རྩལ། འཕྲོད་བསྟེན། སྲིད་གཙང་། དྲོད་ཁོལ་བཅས་འབྲོག་ཁུལ་དུ་གཤམ་གཏོང་བདུན་སྤེལ་བ་ནས། གཅིག་སྒྲིལ་རྫོང་གིས་དཔལ་ཡོན་ལག་ལེན་ཟུང་འབྲེལ་བཞི་དང་། དང་བླངས་ཞབས་ཞུ་མང་ཚོགས་ཀྱི་སྒོ་འགྲམ་དུ་སྐྱེལ་བའི་བར་སོགས། རྨ་ཡུལ་མཐོ་སྒང་དུ་དཀྲོལ་བའི་དཔལ་ཡོན་ལག་ལེན་གྱི་མཉམ་སྒྲོག་རོལ་དབྱངས་དེ། འབྲོག་པ་མང་ཚོགས་ཡོངས་ཀྱིས་མཐོང་ཐུབ་པ་དང་། གོ་རྒྱུ་ཡོད་པ། ཁས་ལེན་ཡོད་པ། ཞུགས་འདོད་པ། བསྟོད་འོས་པར་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།