《མཚོ་སྔོན་པོའི་སྙན་ངག་དུས་ཆེན་འཐབ་ཇུས་མཉམ་ལས་གྲོས་གཞི》ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས《སྙན་ངག་དུས་དེབ》ཁང་། ཀྲུང་གོའི་སྙན་ངག་སློབ་ཚོགས། ལུའུ་ཀྲུའུ་ལའོ་ཅའོ་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་སྤེལ་བའི《མཚོ་སྔོན་པོའི་སྙན་ངག་དུས་ཆེན་འཐབ་ཇུས་མཉམ་ལས་གྲོས་གཞི》ལ་མིང་རྟགས་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མིང་དུ་གྲགས་པའི་སྙན་ངག་པ་ཅི་ཏེ་མཱ་ཅཱ་མཛད་སྒོའི་སྟེང་ཞུགས། 

མཚོ་སྔོན་པོའི་སྙན་ངག་དུས་ཆེན་ནི2007ལོར་གསར་དུ་བཙུགས་པ་ཡིན་ཞིང་། ལོ་གཉིས་ལ་ཐེངས་གཅིག་སྤེལ་བ་དང་། དེ་འཛམ་གླིང་ཁྱབ་ཁོངས་ནང་ཁུལ་གྱི་ཤན་ཤུགས་ཆེ་བའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྲས་ཀྱི་གཅིག་ཡིན། བྱ་འགུལ་གྱིས་སྙན་ངག་སྒྱུ་རྩལ་གྱི་རྣམ་པས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱེད་ཐབས་དང་གྲུབ་འབྲས་མངོན་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཞིབ་བརྗོད་བྱས་ཡོད། ད་ལྟ། རྒྱལ་ཁབ་དང་ས་ཁུལ160ཡི་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ1000ཞུགས་ཤིང་། རྔམ་བརྗིད་ལྡན་པའི“མཚོ་སྔོན་པོའི་བསྒྲགས་གཏམ”བྱུང་བ་དང་། འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི“མཚོ་སྔོན་པོའི་སྙན་ངག་ཐང་ཆེན”དང་། མཚོ་སྔོན་པོའི་སྙན་ངག་དུས་ཆེན“གཙོད་སྙན་ངག་བྱ་དགའ”སྒྲིག་འཛུགས་བྱས། 

ཉིན་དེར། རྒྱལ་སྤྱིའི་སྙན་ངག་གི་ཆང་རིག་གནས་ཚོགས་ཆེན་སྟེ། 2022ལོའི“མགོ་ཁུངས་ནས་རྒྱ་མཚོའི་བར”ཞེས་པའི་སྙན་ངག་གནས་སྐོར་མགོ་རྩོམ་དུས་མཉམ་དུ་སྤེལ། བྱ་འགུལ་གྱི་སྟེང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཆེད་མཁས་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གནས་ཚུལ་ཐད་བསམ་བློ་བརྗེ་རེས་བྱས།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།