ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས2022ལོའི་ཞིང་ཆེན་ཕྱིའི་སློབ་རའི་འཇོན་མི་འགུག་པའི་དྲ་རྒྱའི་བསྡུ་ལེན་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། རང་ཞིང་གིས2022ལོའི་ཞིང་ཆེན་ཕྱིའི་སློབ་རའི་འཇོན་མི་འགུག་པའི་ལན་ཀྲུའུ་སློབ་ཆེན་དང་ཧྲན་ཞི་དགེ་ཐོན་སློབ་ཆེན་གྱི་དྲ་རྒྱའི་བསྡུ་ལེན་ཚོགས་འདུ་ཟི་ལིང་དུ་བསྡུས། ཐེངས་འདིའི་བསྡུ་ལེན་ཚོགས་འདུར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་ཁེ་ལས་དང་ལས་དོན་ལས་ཁུངས74དང་མཐོ་རིམ་སློབ་གྲྭ་གཉིས། 2022ལོའི་མཐར་ཕྱིན་སློབ་མ་བཅས་ཀྱིས་དུས་མཉམ་དུ་དྲ་ཐོག་ནས་བསྡུ་ལེན་ཚོགས་འདུར་ཞུགས། 

རྒྱུས་ལོན་པ་ལྟར་ན། ལན་ཀྲུའུ་སློབ་ཆེན་དང་ཧྲན་ཞི་དགེ་ཐོན་སློབ་ཆེན་ནི་སློབ་གསོ་པུའུ་ཡིས་ཐད་གཏོགས་མཐོ་རིམ་སློབ་གྲྭ་དང་། རྒྱལ་ཡོངས་གཙོ་གནད་སློབ་ཆེན་ཡིན་པ་དང་། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོའི་ཁོངས་མི་གཙོ་བོ་ཡིན་པའི་ཆ་ནས། མཐོ་རིམ་སློབ་གྲྭ་དེ་གཉིས་ཀྱིས་ནུབ་རྒྱུད་དུ་རྐང་ཟུག་པ་དང་།རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་འགན་ཕྲག་ཏུ་བླངས་ཏེ། ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ་དང་། མཚོ་སྔོན་འདུ་བའི་ནུབ་རྒྱུད་ཞིང་ཆེན་དང་མཉམ་ལས་བྱས་ཤིང་། རྒྱལ་ཁབ་དང་སྒོས་སུ་ནུབ་རྒྱུད་ས་ཁུལ་དུ་མཐོ་རིམ་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱས་པ་དང་། ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་ལ་རོགས་འདེགས་བྱས། 

རང་ཞིང་གི2022ལོའི་སློབ་རའི་འཇོན་འགུག་བྱ་བ་མགོ་བརྩམས་པའི་རིང་ལ། མི་བཀོལ་ལས་ཁུངས་སོ་སོས་རང་འགུལ་སྒོས་རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱི་གནས་བབ་འོག  འཇོན་འགུག་བྱ་བའི་རྣམ་པ་བསྒྱུར་བཅོས་དང་། འཇོན་འགུག་གི་རྣམ་པ་དམ་འཛིན་སྒོས་འཇོན་འགུག་གི་གོ་སྐབས་གསར་བ་དམ་འཛིན་བྱས་ཏེ། འཇོན་འགུག་གི་བགྲོད་ལམ་རྒྱ་བསྐྱེད་པ་དང་། “དྲ་ཐོག་ནས་འབྲེལ་གཏུག”དང“དྲ་ཐོག་ནས་ཁ་རྒྱུགས”ལེན་པའི་རྣམ་པ་བརྒྱུད་དེ། འཇོན་མིའི་བསྡུ་ལེན་དེ་དྲ་ཐོག་ཏུ་གནས་སྤར་བ་དང་། པོད་འཕྲིན་དང་སྐད་འཕྲིན། ཁ་པར་སྤྱོད་སྣེ་སོགས་སྤྱད་དེ། འཇོན་མི་འགུག་པའི་བརྡ་ཁྱབ་སྤེལ་བ་དང་། འཇོན་མི་འགུག་པའི་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ། མི་བཀོལ་ལས་ཁུངས་དང་མཐར་ཕྱིན་སློབ་མའི་འབྲེལ་ལམ་འཛུགས་སྐྲུན་བྱས།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།