ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་སྡེའི་བརྗོད་དོན་གཙོ་བོའི་རིག་གཞུང་ལོ་འཁོར་ཚོགས་འདུ་སྐབས་ལྔ་པ་ཟི་ལིང་དུ་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་མཐུན་ཚོགས་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སྒོ་འབྱེད་སློབ་ཆེན་བཅས་ཀྱིས་རོགས་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་སྡེ་ཡིས“ཚོགས་ཆེན་ཉི་ཤུ་སྤྲོ་བས་བསུ། བགྲོད་ལམ་གསར་པར་འབད་པའི་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་རིག་གཞུང་ལོ་འཁོར་ཚོགས་འདུ་སྐབས་ལྔ་པ་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་མཐའ་འཁྱོངས་བྱེད་པའི་བརྗོད་སྙིང་སྙན་ཞུ་ཕུལ་བ་དང་། ཕུལ་བྱུང་དཔྱད་རྩོམ་ཐོབ་མཁན་དང་སྔོན་ཐོན་རྩ་འཛུགས་ལས་ཁུངས་ལ་གཟེངས་བསྟོད་བྱས། 

ཚོགས་ཐོག་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུས་པ་དེས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་སྡེ་ལ་སྔར་ལས་རྒྱ་ཆེ་བའི་སྟེགས་བུ་འདོན་སྤྲོད་བྱས་ཤིང་། སྔར་ལས་མཐོ་བའི་བླང་བྱ་བཏོན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་སྡེ་ཡིས་རིག་གཞུང་སྟེགས་བུའི་ནུས་པ་ཕུན་སུམ་ཚོགས་པར་བཏོན་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ཞིབ་འཇུག་གསལ་འགྲེལ་བྱེད་པ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ངེས་ཅན་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་འཛིན་དགོས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་གི་བྱ་བར་སྔར་ལས་ལྷག་པར་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་མཐའ་འཁྱོལ་བྱེད་པ་དེ་ཐོག་མའི་ལས་འགན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས། “ལྟེ་བར་དམིགས་པ་དང་ཆེ་ཕྱོགས་ལ་ཞུབས་ཞུ་སྒྲུབ་པ”ལས་འགན་གལ་ཆེན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུ་སྲིད་གཞུང་གི་ཇུས་ཆོད་ལ་ཚན་རིག་གི་རྟེན་གཞི་དང་རིག་གཞུང་རྒྱབ་སྐྱོར་མུ་མཐུད་དུ་འདོན་སྤྲོད་བྱེད་དགོས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་རིག་ཚན་གླེང་མོལ་སྟེགས་བུ་སྐྲུན་པ་དེ་གཙོ་སྒྲུབ་ཁ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་བྱ་གཞག་གོང་འཕེལ་དར་རྒྱས་ལ་མུ་མཐུད་དུ་བྱས་རྗེས་འཇོག་དགོས། གཙོ་སྐུད་ལ་དམིགས་པ་དང་། ལས་འགན་གཙོ་བོར་ཕྱོགས་པ། གསར་གཏོད་འབུར་དུ་དོད་པ། ཆབ་སྲིད་ལངས་གནས་མཐོར་འདེགས་པ་དང་ཞིབ་འཇུག་སྤུས་ཚད་ཡར་སྐུལ་བ། རིག་གཞུང་ཁྱད་ཆོས་སྐྲུན་པའི་ཕྱོགས་ནས་དངོས་འབེབས་ལེགས་པར་བཟུང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པར་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་སྟོབས་ཤུགས་འབུལ་དགོས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།