ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཡོངས་ཀྱི་དམངས་ཆེན་གྱི“ལས་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གླེང་མོལ་སྐུལ་འདེད་ཚོགས་འདུ་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། ཟླ6པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་གྱི“ལས་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གླེང་མོལ་སྐུལ་འདེད་ཚོགས་འདུ་དེ་མདེལ་གཉིས་སྐར་གཅིག་ཕུགས་འདུན་དད་སེམས་སློབ་གསོ་སློབ་གླིང་ནས་ཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཝང་ལི་མིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། 

ཝང་ལི་མིང་གིས་ཞིང་ཆེན་ཡོངས་ཀྱི“ལས་སྒྲུབ་ཁང་གཉིས་དང་སྟེགས་བུ”གཅིག་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། ལངས་གནས་མཐོར་བཏེགས་ཏེ། འགན་འཁྲིའི་འདུ་ཤེས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་བ་དང་། ལམ་ལུགས་ཚད་ལྡན་ཅན་དང་བཀོད་སྒྲིག་ལུགས་མཐུན་ཅན། རུ་ཁག་སྣ་མང་ཅན་བཅས་ཀྱི་ཐད་ཤུགས་བཏོན་ནས། ཆོས་ཉིད་ཁོང་དུ་ཆུད་ཅིང་དངོས་ཕན་ཇེ་དྲག་ཏུ་བཏང་སྟེ། “ལས་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་དགོས། མུ་མཐུད་དུ་དོ་དམ་ལམ་ལུགས་འཛུགས་སྐྱོང་བྱེད་པ་དང་འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་པ། འགན་སྲུང་འཁོར་སྐྱོད་སྤུས་ཚད་ཇེ་ལེགས་སུ་གཏོང་བཅས་བྱས་ཏེ། འཐུས་མིས་འགན་སྒྲུབ་བྱེད་སྒོར་ལམ་ལུགས་ཀྱི་འགན་སྲུང་དང་བཀོལ་སྤྱོད་ཚད་ལྡན་འདོན་སྤྲོད་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སེམས་ཞིབ་མོས་བརྗོད་གཞི་བདམས་ཏེ། རིམ་པ་སོ་སོའི་དམངས་ཆེན་འཐུས་མི་ལས་སྒྲུབ་ཁང་དུ་བསྐྱོད་པ་དང་འགན་སྒྲུབ་བྱེད་སྒོ་སྤེལ་བར་སྐུལ་འདེད་ཧུར་ཐག་བྱེད་དགོས། དཔེ་སྟོན་དཔེ་མཚོན་གསོ་སྐྱོང་བྱེད་པ་དང་། “ལས་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”གི་འཚོལ་ཞིབ་ལག་ལེན་དང་དཔེ་མཚོན་དོན་དག་དྲིལ་སྒྲོག་རྒྱ་ཁྱབ་ཏུ་སྤེལ་དགོས། གོང་འོག་བློ་གཅིག་དང་ཐུན་མོང་ཤུགས་འདོན་བྱས་ནས། འཐུས་མིའི་འགན་སྒྲུབ་ཀྱི་རྟེན་གནས་དང་མང་ཚོགས་འབྲེལ་འཛུགས་བྱེད་གནས། དམངས་ཕན་ཞབས་ཞུ་ཡི་འདེགས་གནས་བཅས་མུ་མཐུད་དུ་ཇེ་བརྟན་དུ་གཏོང་བ་དང་། གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་ཁྲོད་ཡོད་འོས་པའི་ནུས་པ་ལེགས་པར་བཏོན་ཏེ། “ལས་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”གིཚད་ལྡན་ཅན་གྱི་འཛུགས་སྐྲུན་སྤུས་ལེགས་ཕན་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུ་དགོས་ཞེས་ནན་གྱིས་གསུངས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།