ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དངུལ་ཁང་ཉེན་སྲུང་ལྟ་སྐུལ་ཅུའུ་ཡིས་དངུལ་རྩའི་བྱེད་ཐབས12བཏོན་ནས་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་དངུལ་ཁང་ཉེན་སྲུང་ལྟ་སྐུལ་ཅུའུ་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་པ་དང་། རིམས་ནད་འགོག་སྡོམ་བྱ་བ་ལེགས་པོར་སྒྲུབ་པ། དངོས་ཟོག་ཤར་གཏོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་བསྒྲུབ་པ། མི་དམངས་མང་ཚོགས་ཀྱི“དཀའ་སྡུག་དང་སེམས་ཁྲལ”གྱི་གནད་དོན་ཐག་གཅོད་བྱ་ཆེད། མཚོ་སྔོན་དངུལ་ཁང་ཉེན་སྲུང་ལྟ་སྐུལ་ཅུའུ་ཡིས་དངུལ་རྩས་དངོས་ཟོག་འཁོར་རྒྱུག་ཤར་གཏོང་བྱ་བའི་བྱེད་ཐབས12དཔར་འགྲེམ་བྱས། དངུལ་ལོར་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱེད་པ་དང་། ལྗང་མདོག་བགྲོད་ལམ་བཏོད་པ། གཏའ་འཇོག་རྣམ་པ་གསར་གཏོད་བྱེད་པ། ཉེན་སྲུང་མཁོ་འདོན་ཇེ་ལེགས་སུ་གཏོང་བ། ཉེན་སྲུང་ཞབས་ཞུ་དང་རྩིས་སྤྲོད་འགན་སྲུང་ཁོར་ཡུག་རིམ་འཕར་སོགས་ཀྱི་ཐད། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱས་ཏེ། དངོས་ཟོག་འཁོར་རྒྱུག་ཤར་གཏོང་བྱེད་པར་འགན་སྲུང་བྱས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།