ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཝའེ་ཡིས་ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་གློག་སྐས་བདེ་འཇགས་ལྟ་སྐུལ་དོ་དམ་བདེ་འཇགས་ཚད་ལྡན་ཅན་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཝའེ་ཡིས་ཆེད་མཁས་དཔྱད་གླེང་ཚོགས་འདུ་བསྡུས་ནས། གློག་སྐས་བདེ་འཇགས་ཁྲིམས་འཛུགས་བྱ་བའི་བསམ་འཆར་བསྡུ་ལེན་བྱས། 

མཱ་ཝའེ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་དང་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འཛུགས་སྐྲུན། དེ་མིན་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ། ལས་རིགས་ཀྱི་ཡིད་རྟོན་རང་གཅུན། སྤྱི་ཚོགས་རྒྱུ་མང་ཐེ་ཞུགས་བྱེད་པ།བརྡ་འཕྲིན་ལག་རྩལ་གཞོགས་འདེགས་ཀྱི་སྦྲེལ་མཐུད་སྒྲིག་སྲོལ་འཛུགས་སྐྲུན་བྱེད་དགོས། གློག་སྐས་བདེ་འཇགས་དོ་དམ་སྒྲིག་གཞི་དང་འཕྲལ་བསྟུན་མྱུར་སྐྱོབ་མ་ལག ཡུན་ཕན་ལྟ་སྐུལ་དོ་དམ་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། གློག་སྐས་བེད་སྤྱོད་དང་ཞིག་གསོ་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གློག་སྐས་བདེ་འཇགས་ཆེད་སྤྱོད་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། ཡུལ་དངོས་ཀྱི་ཞིབ་བཤེར་འཐུས་ཚང་དང་།ཁྲིམས་ལུགས་ལག་བསྟར་ཤུགས་ཚད་ཆེ་རུ་གཏོང་བ། རྒྱུགས་ལེན་དཔྱད་ཞིབ་གཟབ་ནན། ཉེན་ཁའི་རྩད་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། གློག་སྐས་ཀྱི་སྡེབ་སྒྲིག་དང་ཞིག་གསོ། ཞིབ་བཤེར་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། འབྲེལ་ཡོད་ཕྱོགས་སོ་སོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། གློག་སྐས་འཆར་འགོད་དང་ལས་བསྣོན། སྒྲིག་འཇུག བཟོ་བཅོས། ཞིག་གསོ་བེད་སྤྱོད། འགན་ལེན་ཉེན་སྲུང་གི་ཕྱོགས་སོ་སོའི་དོ་དམ་གྱི་བླང་བྱ་དང་ཚད་གཞི་ཚད་ལྡན་དུ་བཏང་ནས། ས་གནས་ཀྱི་ཚད་གཞིའི་མགོ་ཁུངས་དོ་དམ་ཤུགས་དྲག་ཏུ་བཏང་སྟེ། གློག་སྐས་ཀྱི་རིམ་པ་སོ་སོའི་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། སྡོད་དམངས་ཀྱི་གློག་སྐས་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་། བདེ་འཇགས་སྒོས་གློག་སྐས་སུ་འདུག་པ་ཤུགས་དྲག་ཏུ་གཏོང་བ། བདེ་འཇགས་ཚད་ལྡན་དང་རང་ཉིད་སྲུང་སྐྱོང་གི་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། གློག་སྐས་བདེ་འཇགས་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།