ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གཙང་བོའི་མགོ་ཁུངས་སུ་རྣམ་པར་བཞད་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20220629153826.jpg

ངལ་གསོའི་དུས་སུ་ལུའེ་ཡུས་རུང་གིས་སྒོ་རའི་ནང་གི་མེ་ཏོག་ལ་ཆུ་གཏོར་བཞིན་པ། 

微信图片_20220629153853.jpg

པན་ཡན་གྲོང་ཚོའི་ཟུར་ཅིག

微信图片_20220629153858.jpg

ཧོར་རིགས་ཀྱི་བུ་དང་བུ་མོས་དྲིན་དྲན་ཞོར་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་པ།

微信图片_20220629153901.jpg

ཧོ་ནན་གྱི་རྩྭ་ཐང་སྟེང་གི་མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་བྱེད་སྒོ། 

ཟླ་དྲུག་པར། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝོའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བར་ཕྱིན་ཚེ། རྣམ་པ་གསར་པའི་ཞིང་སྡེ་དང་འདབ་མ་རྒྱས་པའི་རྩི་ཤིང་དག་གིས་ཁྱེད་ལ་ཉམས་དགའ་བའི་ཚོར་སྣང་གཞན་ཞིག་སྦྱིན་ངེས། 

འདི་ནི་ཏང་གི་བཀའ་དྲིན་འོག་ཧོར་རིགས་ཀྱི་བུ་དང་བུ་མོ་ཚོས་དྲིན་དྲན་པ་དང་འབད་འབུང་བྱས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤིག་ཡིན་ལ། པན་ཡན་སྡེ་བས“ཐུན་མོང་གིས་མཐུན་སྒྲིལ་ངང་འབད་བརྩོན་དང་ཐུན་མོང་གིས་དར་རྒྱས་གོང་འཕེལ”བཏང་བའི་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གྲོང་གསེབ་ཡུལ་སྐོར། འཚེམ་དྲུབ་གླིང་། ནས་ཆང་བཟོ་གྲྭ་སོགས་ཀྱི་ཐོན་ལས་དར་སྤེལ་རྣམ་གྲངས་རབ་དང་རིམ་པ་ལག་ལེན་བསྟར་རྗེས་དགའ་འོས་པའི་གྲུབ་འབྲས་ཐོབ་པ་ཞིག་ཀྱང་རེད།

གྲོང་གསེབ་ཀྱི་མཛེས་སྡུག་དང་ཐོན་ལས་དར་རྒྱས། གནམ་གཤིས་གསར་པ་བཅས་ནི་པན་ཡན་སྡེ་བའི་བསྡུས་གཟུགས་ཤིག་ཡིན། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཇུས་གཞི་ཆེན་པོ་མངོན་འགྱུར་བྱུང་ཡོད། མཐོ་སྒང་གི་ས་གཞི་ཆེན་མོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྣམ་པར་བཞད་པས་ཡིད་ཀྱི་བརྟན་པ་དབང་མེད་དུ་འགུག

མཚོ་སྔོན་ནི་སྐྱེ་ཁམས་བཟང་བའི་ཞིང་ཆེན་ཞིག་དང་། མཐུན་སྒྲིལ་དམ་པའི་གནས་གཞི་ཞིག་ཀྱང་ཡིན། རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ཧོར་རིགས། ས་ལར་རིགས། སོག་རིགས་སོགས་ཀྱི་མི་རིགས་མང་པོས་གནའ་སྔ་མོ་ནས་བཟུང་སྐྱིད་སྡུག་མཉམ་མྱོང་དང་འོ་ཆུ་མཉམ་འདྲེས། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། ཁྱེད་ཀྱི་སེམས་སུ་ང་ཡོད་པ་དང་ངའི་སེམས་སུ་ཁྱོད་ཡོད་པ།  སུ་ཡང་སུ་ལ་ཁ་འབྲལ་ཐབས་མེད་པའི་གསོན་ཉམས་ལྡན་པའི་ལོ་རྒྱུས་བསྐྲུན་ནས། ཚང་མས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ་སེ་འབྲུའི་རྡོག་ལྟར་ཕྱོགས་གཅིག་ཏུ་དམ་དུ་བསྒྲིལ་ཡོད།

“ང་ཚོའི་རྒྱལ་ཁབ་ནི་མི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། མི་རིགས་སོ་སོ་ནི་ཁྱིམ་ཚང་གཅིག་ཡིན་པས། ཚང་མས་ཕན་ཚུན་ལ་བརྩེ་བ་ཟབ་མོ་བཅངས་ནས་ཐུན་མོང་གིས་མཐུན་སྒྲིལ་ཡར་ཐོན་ཡོང་བ་བྱེད་དགོས། “ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་གཏིང་ཟབ་ཏུ་གཏོང་དགོས།” 2016ལོ་དང2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཐེངས་གཉིས་ལ་རྟོག་ཞིབ་གནང་བར་ཕེབས་ནས། མཚོ་སྔོན་གྱི་མི་རིགས་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ་དེས་ང་ཚོས་དུས་རབས་གསར་པའི་མི་རིགས་ཀྱི་ལས་དོན་ལེགས་པར་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

མངགས་བཅོལ་ཟབ་མོ་སེམས་སུ་བཟུང་ནས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད།

མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གཉིས་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་དང་། “མཚོ་སྔོན་གྱིས་མི་རིགས་ཀྱི་ལས་དོན་མ་བསྒྲུབ་ན་ལས་དོན་ཁྱོན་ཡོངས་ནས་མི་འཁྱོངས”ཞེས་པའི་མངགས་བཅོལ་ཟབ་མོ་སེམས་ལ་བཟུང་བ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་བཟུང་ནས། དམིགས་བསལ་གྱི་ཞིང་ཆེན་གནས་ཚུལ་ལ་གཞི་འཛུགས་པ། གནད་འགག་དམ་འཛིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་དོན་ཁྱོན་ཡོངས་ནས་འཛིན་སྐྱོང་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་གྱི་མིག་དཔེ”གཏོད་པ། རྒྱལ་ཡོངས་སུ་སྔོན་ལ་གྲོང་ཁྱེར་དང་ཁུལ་ཡོངས་དང་། རྫོང(གྲོང་ཁྱེར་དང་ཁུལ)70%རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་དུ་གྱུར་ཡོད་པས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་འབད་པས་བསྐྱོད་ཐུབ་པ་བྱུང་། 

དམངས་འཚོ་རྩ་བར་འཛིན་པ་དང་། དམངས་འཚོ་གཙོ་བོར་འཛིན་པ། དམངས་འཚོ་སྔོན་ལ་འཇོག་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་ལས་ཞུགས་དང་སློབ་གསོ། འཕྲོད་བསྟེན། རྒན་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་བཏང་བ། གླིང་སྣེའི་ས་ཁུལ་གྱི་མྱུལ་དཔྱད་དང་སྐྱེ་ཁམས་ལྟ་སྐོར་སོགས་མི་རིགས་ས་ཁུལ་གྱི་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས་ལ་ཤུགས་སྣོན་པ་བཅས་བྱས་ནས། རོང་འབྲོག་པ་མང་པོས་སྐྱེ་ཁམས་དང་མི་རིགས་ཀྱི་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་རག་ཐུབ་པ་བྱུང་། ད་ལྟ་མཚོ་སྔོན་གྱི་རི་ཆུ་དངོས་གནས་གསེར་རི་དངུལ་རི་རུ་གྱུར་ཡོད། 

མཐུན་སྒྲིལ་འཆམ་མཐུན་ནི་དཔལ་ཡོན་གྱི་གཞི་རྒྱུ་ཡིན་ལ་རིག་གནས་ཀྱི་རང་རྟོགས་ཤིག་ཀྱང་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་དོན་སྙིང་དང་མ་འོངས་པའི་ལྡེ་མིག་ལྟ་བུ་ཡིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཡར་ཐོན་དང་། ཡང་ན་མི་རིགས་གང་ཞིག་གི་འཕེལ་རྒྱས་དང་ཡར་རྒྱས་ཚང་མ་མི་རིགས་སོ་སོའི་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་བརྒྱུད་རིམ་ཁྲོད་མངོན་འགྱུར་བྱུང་བ་ཞིག་ཡིན། མཐུན་སྒྲིལ་འཆམ་མཐུན་གྱི་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་ནི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་དང་འགུལ་སྐྱོད་ཅིག་དང་། མི་བརྒྱ་སེམས་གཅིག་དང་མཐུན་སྒྲིལ་འབད་བརྩོན་ལས་ཐོན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པ་མ་ཟད། དེ་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།