ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཚོ་སྔོན5Gདྲ་རྒྱའི་ཞབས་ཞུ་ཟི་ལིང་ནས་སྒྲུབ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཁྱེད་བདེ་མོ། ང་ནི་ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཚོ་སྔོན་ཀུང་སི་ཡུས་ཧྲུའུ་ཡན་ལག་ཀུང་སིའི་ལས་མི་སེང་འབྲུག་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཡོད། མཚོ་ངོས་ལས་མཐོ་ཚད་སྨི4493ཡོད་ཀྱང་། བརྡ་རྟགས་ཚོད་བརྟག་བྱས་པ་ཡག་པོ་འདུག” ཟླ6པའི་ཚེས27ཉིན། ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཚོ་སྔོན5Gདྲ་རྒྱའི་ཞབས་ཞུ་ཟི་ལིང་ནས་སྒྲུབ་མགོ་རྩོམ་པའི་མཛད་སྒོ་ཡུལ་དངོས་སུ་ལས་མིས་རྟགས192རིམ་པ་ཅན་སྤྱད་ནས། ཡུས་ཧྲུའུ་ཁུལ་གྱི་ལས་གྲོགས་ལ་ཁ་པར་སྐུད་འབྲེལ་བྱས་ཤིང་། ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཚོ་སྔོན5Gདྲ་རྒྱ་ཚོད་བརྟག་ཁ་པར་བཏང་བ་དང་། རྒྱང་སྒྲོག་བརྙན་འཕྲིན5Gརྟགས“192”རིམ་པ་ཅན་ཚོད་ལྟ་ལེགས་འགྲུབ་བྱུང་། ཡུལ་དངོས་སུ་ད་དུང་ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཚོ་སྔོན་དྲ་རྒྱ་ཚད་ཡོད་ཀུང་སི་དང་ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་དྲ་རྒྱ་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སིའི་སྒོ་བྱང་བཀལ། 

ཐེངས་འདིའི་མཚོ་སྔོན5Gདྲ་རྒྱའི་ཞབས་ཞུ་དངོས་སུ་སྒྲུབ་མགོ་བརྩམས་པ་དེས། མཚོ་སྔོན་རྒྱང་སྒྲོག5Gའཛུགས་སྐྲུན་གཉེར་སྐྱོང་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས་པ་མཚོན་ཞིང་། “192”བརྡ་རྟགས་གཏོང་ལ་ཉེ་བ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན5Gམགྱོགས་མྱུར་སྒོས་དྲ་རྒྱའི་ཞབས་ཞུ་རོལ་མྱོང་ལེགས་སྒྱུར་བྱེད་བཞིན་ཡོད་ཅིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་མ་འཚོགས་སྔོན་ལ“192”དངོས་སུ་བརྡ་རྟགས་བཏང་ནས་གཉེར་སྐྱོང་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་ཁག་ཐེག་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།