ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་པའེ་ཡིས་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་སྡེ་ཚོགས་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་སུ་སོང་ནས་བརྟག་བཤེར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན་ནས་ཚེས28ཉིན་བར། མཚོ་སྔོན་ཞིང་ཆེན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་སྔ་གཞུག་ཏུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་སུ་བརྟག་བཤེར་བྱེད་པར་ཕྱིན། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཚོགས་པའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། དུས་བསྟུན་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་བ། འབྲེལ་ཟམ་ཡག་པོ་འཛུགས་པ། མང་ཚོགས་ལ་འབྲེལ་གཏུག་བྱེད་པར་རྩ་འཛུགས་སྐུལ་སློང་དང་ཞབས་འདེགས་ཞུས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་བློ་གྲོས་དང་སྟབས་ཤུགས་སྔར་བས་གཅིག་སྒྲིལ་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་པར་བསྟན། 

དབྱིན་པའེ་ཡིས་ཞིང་ཆེན་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་སུ་སོང་ནས་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་བའི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས།  ཁོང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་དང་། བུད་མེད་དང་བྱིས་པར་འབྲེལ་གཏུག་དང་ཞབས་ཞུ་བྱེད་པ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། ཞབས་ཞུ་རྒྱུན་དུ་སྒྲུབ་པ་དང་རྒྱུན་དུ་དམ་འཛིན་བྱེད་པ། གཞི་རིམ་དུ་དོན་འཁྱོལ་བྱེད་པ། ཞིབ་ཕྲས་དོན་འཁྱོལ་བྱེད་པ་བཅས་ཀྱི་སྒོ་ནས་བུད་མེད་དཔེ་ལེགས་ཅན་གྱིས་བྱས་རྗེས་འཇོག་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། རྒྱ་ཆེའི་བུད་མེད་ཚོ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་མཁན་དང་ཤེས་རིག་གོམས་སྲོལ་གྱི་སྣེ་ཁྲིད་མཁན། ཕུགས་བསམ་འཚོལ་མཁན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན། 

གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྡེ་ཁག་ཏུ་དབྱིན་པའེ་ལས་རིགས་སོ་སོའི་ལས་ཁུངས་སོང་ནས། ལས་བྱེད་པ་དང་བྱམས་བརྩེའི་ངང་ཁ་བརྡ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས། ཁོང་གིས་ཏང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ཏེ་བླ་སྲོག་གཏོད་པ་དང་སེམས་ཤུགས་གཅིག་སྒྲིལ། ནུས་པ་འཕེལ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་ཚོགས་པ་འཛུགས་པ་དང་བཅོས་སྒྱུར་ལ་བརྟེན་ནས་ཚོགས་པའི་སྟོབས་ཆེ་རུ་གཏོང་བ། སྡེ་ཚོགས་ནན་གྱིས་སྐྱོང་བ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ན་གཞོན་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བར་ཁྲིད་སྟོན་བྱེད་པ། སྲིད་ཇུས་དང་མ་དངུལ་སོགས་ཐད་ཀྱི་ཞབས་འདེགས་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞོན་ནུའི་ལས་སྐྲུན་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱིས་སྒོ་ནས། རྒྱ་ཆེའི་གཞོན་ནུ་ཚོའི་སྣེ་ཁྲིད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་ཀྱི་ཁྲོད་འཕྲལ་རྒོལ་རུ་ཁག་དང་སྟོབས་གསར་དམག་དཔུང་གི་ནུས་འདོན་སྤེལ་བྱས་ཏེ། གཞོན་ནུའི་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།