ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོའི་བདེ་སྐྱིད་སྐས་རིམ་གསར་པ་ཞིག་ཏུ་སླེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱི་རྒན་རབས་མང་ཚོགས་ཀྱིས་རྒན་བཀུར་བདེ་སྐྱིད་ཟ་ཁང་དུ་ཟ་མ་ཟ་བཞིན་པ།

2.jpg

ཝུན་ཐིང་སྡེ་ཁུལ་གྱི་དཔལ་ཡོན་ལག་བསྟར་ས་ཚིགས།

3.jpg

གྲོང་ཚོའི་རྣམ་པ་གསར་པ། 

དམངས་འཚོའི་ལས་དོན་ཆུང་ཕྱོགས་ནས་དམངས་ཀྱི་ཟས་གོས་འགྲོ་འདུག་དང་འབྲེལ་ལ། ཆེ་ཕྱོགས་ནས་བཤད་ན་རྒྱལ་ཁབ་ཀྱི་ཉམས་རྒུད་དང་འབྲེལ།

2021ལོའི་ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧུའེ་ཁྲོམ་གཞུང་ཝུན་ཐིང་སྲང་ལམ་སྡེ་ཁུལ་དུ་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སྡེ་ཁུལ་ཞིག་གི་བྱ་བ་ལེགས་པོར་བསྒྲུབ་པར། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གཞི་རིམ་རྩ་འཛུགས་བཟང་པོ་ཞིག་དགོས་པ་མ་ཟད། སྡེ་ཁུལ་གྱི་ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུ་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་རང་སྐྱོང་རང་བཞིན་ལྡན་པའི་བྱ་བར་རྩ་འཛུགས་བཟང་པོ་བྱེད་དགོས”པར་བསྟན།

ལོ་གཅིག་གི་དུས་ཚོད་བྲེལ་འཚུབ་ངང་འདས་པའི་དེ་རིང་། ཡང་བསྐྱར་ཝུན་ཐིང་སྲང་ལམ་སྡེ་ཁུལ་དུ་བསྐྱོད་ཚེ་སྤྲོ་སྐྱིད་ལྡན་པའི་རྣམ་པས་ཁེངས་ཡོད། ཝུན་ཐིང་སྲང་ལམ་སྡེ་ཁུལ་ལ་འགྱུར་ལྡོག་བྱུང་ནས་འཚོ་བ་སྔར་ལས་སྐྱིད་ཅིང་སྤུས་ཚད་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད་ལ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཡང་སྔར་ལས་ཆེ་རུ་ཕྱིན་ཡོད། ཝུན་ཐིང་སྲང་ལམ་སྡེ་ཁུལ་ལ་འགྱུར་ལྡོག་བྱུང་མེད་པ་ནི། ལས་དོན་མི་སྣས་སྔར་བཞིན་སྟོབས་ཤུགས་ཡོད་རྒུས་བྱ་བའི་ལས་ལ་བྲེལ་བཞིན་ཡོད་ལ། གྲོང་མི་རྣམས་ཀྱི་དགའ་བའི་དགོད་སྒྲ་སྔར་བཞིན་སྡེ་ཁུལ་ཡོངས་སུ་ཁྱབ་ཡོད་པས། མི་རིགས་སོ་སོའི་མང་ཚོགས་རྣམས་སྔར་བཞིན་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་ཡོད་པ་ཤེས་ཐུབ།

ཝུན་ཐིང་སྲང་ལམ་སྡེ་ཁུལ་ཁོ་ན་ཙམ་མ་ཡིན་པར། མཚོ་སྔོན་གྱི་ས་གནས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གཞིར་བཟུང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང“ཏང་འཛུགས་སྐྱོང+”ཡི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་། ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་མང་ཚོགས་ཀྱི་དཀའ་ཁག་སྣ་ཚོགས་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་མང་བའི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་བརྒྱུད་སྤྲོད་དང་། སྡེ་ཁུལ་འཛུགས་སྐྲུན་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པས་གྲོང་མིའི་བདེ་སྣང་དང་ཐོབ་སྣང་། སྐྱིད་སྣང་བཅས་མུ་མཐུད་མཐོ་རུ་ཕྱིན་ཡོད།

མཚོ་སྔོན་གྱིས་མི་དམངས་ལ་གོང་བཀུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོའི་བདེ་སྐྱིད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། རྒྱུ་ཤུགས་ལ་ཚད་ཡོད་པའི་གནས་ཚུལ་འོག་ཐོག་མཐའ་བར་གསུམ་དུ་ནོར་སྲིད་ཀྱི་གཏོང་སྒོ་མང་ཆེ་བ་དམངས་འཚོའི་བྱ་གཞག་ཐད་བེད་སྤྱད་དེ་དམངས་ལ་དོན་དངོས་སྒྲུབ་པའི་ལས་གཞི་ལག་ལེན་དུ་བསྟར་ནས་དམངས་ཕན་བྱེད་ཐབས་མང་པོ་གཅིག་རྗེས་གཉིས་མཐུད་དུ་དོན་འཁྱོལ་བྱས་པས། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་ལ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པས། ལོ་རྒྱུས་རང་བཞིན་གྱིས་དབུལ་པོ་དབུལ་རྐྱང་ཉུང་དུ་བཏང་ནས། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད། སྤྱི་པའི་འཕྲོད་བསྟེན་འཕྲལ་བསྟུན་དོ་དམ་མ་ལག་འཛུགས་པར་ཤུགས་བསྣན་ཏེ་པྲོག་གསར་གློ་ཚད་རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་སྡོམ་ལག་བསྟར་ནུས་ལྡན་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱས་ཡོད། ལས་ཞུགས་ཀྱི་རྣམ་པ་གཏན་འཇགས་ཡར་འཕེལ་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བྱུང་ཚད་ཅུང་དམའ་བ་རྒྱུན་འཁྱོངས་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མཐོ་ཞིང་། ཡོང་འབབ་འབྲིང་པོའི་མི་ཚོགས་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་ལ། རྒྱུན་མཐུད་ངང་ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་བསྒྲུབས་ནས་སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཁྱོན་ཡོངས་ནས་བཙུགས་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ཕན་ཁེ་དམངས་ཡོངས་ལ་ཐོབ་ཅིང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིར་ནན་ཏན་གྱིས་སྐུལ་སྤེལ་བཅས་བྱས་ཡོད། རྨ་སྟོད་དང་མིན་ཡོན་གྱི་ཡོམ་འགོག་རྒུད་སྐྱོབ་བྱ་བ་ནུས་ལྡན་ངང་སྤེལ་ནས་གནོད་ཐེབས་བསྐྱར་འཛུགས་བྱ་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་། ས་མཐོའི་གསོ་རིག་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། དུས་ཡུན་རིང་པོའི་ནང་རོང་འབྲོག་པས་སེམས་ཁྲལ་བྱེད་པའི་ཐུམ་འབུའི་ནད་བཀག་འགོག་ཚོད་འཛིན་བྱུང་ཡོད་པ་མ་ཟད། མི་དམངས་ཀྱི་བདེ་ཐང་དང་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་ཀྱང་ཆེས་ཆེར་མཐོ་རུ་ཕྱིན་ཡོད།

ལོ་ལོན་གཞིས་ཁྱིམ་དུ་རྒན་པ་རྣམས་ཀྱིས་ཆེས་མཛེས་པའི་ཚེ་མཇུག་གི་འཚོ་བ་ལོངས་སྤྱད་བྱེད་བཞིན་ཡོད་ལ། བུ་བཅོལ་ཁང་དང་སློབ་གྲྭ་རུ་བྱིས་པ་རྣམས་ཀྱིས་བདེ་ཞིང་སྐྱིད་པའི་སྒོ་ནས་སློབ་སྦྱོང་དང་དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས་འཚར་ལོངས་འབྱུང་བཞིན་མཆིས། ཐོག་ཁང་མདུན་གྱི་ལམ་ནི་སྔོན་ཆད་ལས་རྒྱ་ཆེ་ལ། ཁོར་ཡུག་སྔར་བས་ཇེ་མཛེས་སུ་གྱུར་བ་དང་། མང་ཚོགས་ཀྱི་འཚོ་བ་ཡང་སྔར་ལས་བདེ་ཞིང་སྐྱིད། དེ་རིང་གི་མཚོ་སྔོན་ནི་མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་སྒང་ཡིན་པས། མཉམ་ཏུ་འབྱོར་ཕྱུག་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པར་ཡིད་ཆེས་ཀྱིས་བརྟས་ཡོད། 

ཐོག་མའི་ཕུགས་འདུན་ལྟར་འགན་འཁྲི་ཕྲག་ཏུ་བླངས་ཡོད། མ་འོངས་པར་མཚོ་སྔོན་གྱིས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་དང་ཧུར་ཐག་གིས་མཐོ་རུ་བཏང་ནས་ལས་ཞུགས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་སྔར་ལས་སྤུས་ཚད་མཐོ་བ་མངོན་འགྱུར་འབྱུང་བ་དང་། གྲོང་མིའི་ཡོང་འབབ་དང་དཔལ་འབྱོར་འཕེལ་རྒྱས་མཉམ་ཏུ་འཕར་ཞིང་། ཡོང་འབབ་འབྲིང་ཙམ་ཡིན་པའི་ཚོགས་སྤྱིའི་བསྡུར་ཚད་བརྟན་བརླིང་ངང་མཐོ་རུ་གཏོང་བ། སློབ་གསོ་དང་བདེ་ཐང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ། སྤྱི་ཚོགས་འགན་སྲུང་དང་རྒན་གསོ། སྡོད་ཁང་སོགས་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཕྱུག་འགྱུར་གྱི་གོམ་སྟབས་བརྟན་པོས་རིགས་སོ་སོའི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། སྔར་ལས་འགན་ལེན་ཡོད་པ། སྔར་ལས་རྒྱུན་མཐུད་དུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།