ཀྲང་ཞའོ་རུང་གིས་སྣེ་ཁྲིད་དེ་དག་གཙང་ནུས་ཁུངས་དང་ཚྭ་མཚོ་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན་ནས་ཚེས18ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་གིས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་སྣེ་ཁྲིད་དེ་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་མཚོ་སྔོན་ཞིང་ཆེན་ཐེངས་བཅུ་བཞི་བའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་བཤད་བྱས་པ་དང་། “རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་གསར་སྐྲུན་བྱེད་པ”དང“ཚྭ་མཚོའི་བཟོ་ལས་ཚན་རྩལ་གསར་སྤེལ་ཆེ་རུ་བཏང་ནས། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པའིགྲོས་མོལ་སྲིད་གླེང་གི་ཁྲིད་གཞི་ཐད་རྟོག་ཞིབ་བྱས།

ཀྲང་ཞའོ་རུང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བས་གཏན་འཁེལ་བྱས་པའི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཆར་འགོད་བྱ་བ་ལེགས་པོར་སྒྲུབ་དགོས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་བྱེད་ཐབས་དང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་བྱེད་ཐབས་ལག་བསྟར་བྱེད་པ་དང་དམ་དུ་འབྲེལ་ནས། འཕེལ་རྒྱས་འཆར་འགོད་ཞིབ་འཇུག་སྒྲིག་བཟོ་བྱེད་པ་དང་བྱེད་ཐབས་དོན་འཁྱོལ་ཆ་སྡེབ་ལ་རྒྱབ་སྐྱོར་བྱེད་དགོས། ཐཱན་དམའི་རྣམ་པ་བསྒྱུར་བཅོས་ལ་དོ་སྣང་བྱེད་དགོས། དག་གཙང་ཐཱན་ཉུང་གི་ནུས་ཁུངས་སྒྲིག་གཞི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ལས་རིགས་ཀྱི་ལྗང་མདོག་ཅན་གྱི་བཟོ་བཅོས་ལག་བསྟར་ཇེ་མགྱོགས་སུ་བཏང་ནས། རང་ཞིང་གི་ཐོན་ལས་དཀྱིལ་སྙིང་འགྲན་རྩོད་དགེ་མཚན་དུ་འགྱུར་བར་བྱེད་དགོས། འཁོར་རྒྱུག་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཚྭ་མཚོ་ཅན་གྱི་བཟོ་ལས་ཐོན་ལས་བེད་སྤྱོད་ཆུ་ཚད་ལ་སྐུལ་འདེད་གཏོང་དགོས། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣོན་དགོས། སྔར་ལས་ལྷག་པའི་སྒོ་ནས་དག་གཙང་ནུས་ཁུངས་ལ་ཕྱོགས་བསྡུས་དབྱེ་ཞིབ་དང་། ཚྭ་མཚོ་ཅན་གྱི་རྫས་འགྱུར་བཟོ་ལས་ཐོན་ལས་ཐད་གནས་པའི་བཀག་རྒྱ་དང་གནད་དོན་ལ་དབྱེ་ཞིབ་བྱས་ནས། རྒྱལ་ཁབ་རིམ་པའི་ཞིབ་འཇུག་ཐག་གཅོད་ཀྱི་གཙོ་གནད་གནད་དོན་དང་གཙོ་གནད་ལས་དོན་ལེགས་སྒྲིག་བྱེད་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་མཉམ་སྐྲུན་སོགས་ཀྱི་སྒྲིག་གཞི་དགེ་མཚན་གཡར་ནས། དུས་ཐོག་ཏུ་རྒྱལ་ཁབ་པུའུ་ཨུ་ལ་འབྲེལ་གཏུག་ཡར་ཞུ་བྱས་ཏེ། ཞིང་ཆེན་དང་པུའུ་རིམ་པས་བྱ་བ་དོན་འཁྱོལ་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།