ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཡོངས་ཀྱི་དགུན་གྲོ་སྤྱི་ཆིང་ཁྲི1.13བྲེགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན། ཟླ6པའི་ཟླ་སྨད་དུ་སླེབས་པ་དང་བསྟུན། རང་ཞིང་གི་རྨ་ཙོང་ལུང་གཞོང་དུ་ལན་ཐེན10པ་རྟགས་ཅན་དང་ཅིན་ནུང411། ཅིན་ནུང437གཙོ་བོ་ཡིན་པའི་དགུན་གྲོ་མུའུ་ཁྲི17(སྤྱི་ཆིང་ཁྲི1.13)སྔ་རྗེས་སུ་སྨིན་ཐག་ཆོད་ཅིང་། འབྲེག་རན་ལ་སླེབས། རིམ་པ་སོ་སོའི་ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣ་ཞིང་གི་རྣང་མའི་བར་དུ་བསྐྱོད་ཅིང་། “ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་དངོས་འབེབས་ཟབ་མོ་བྱས་ནས། གྲོ་འབྲེག་འཕྲུལ་ཆས་ཆག་སྐྱོན་ཉུང་གཏོང་གསོ་སྦྱོང་དང་ལག་རྩལ་མཛུབ་སྟོན་བྱ་བ་སྤེལ་ཏེ། དབྱར་ཁའི་འབྲུ་རིགས་བྱ་བ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་བསྒྲུབས་ཤིང་། འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་དུ་ཉར་བར་སྟོབས་ཤུགས་ཡོད་དགུས་ཁག་ཐེག་བྱས། 

ཟླ6པའི་ཚེས20ཉིན། ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ཡ་རྫི་གྲོང་རྡལ་གྱིས་དགུན་གྲོ་འབྲེག་མགོ་བརྩམས། སྔོན་དཔག་བྱས་ན་ད་ལོར་ཞིང་ཆེན་ཡོངས་ཀྱི་དགུན་གྲོ་ལ་མུའུ་རེར་ཆ་སྙོམས་ཐོན་ཚད་སྤྱི་རྒྱ452ལ་སླེབས་པ་དང་། སྤྱིའི་ཐོན་ཚད་སྤྱི་རྒྱ་ཁྲི793ཡན་ལ་བསླེབས་ཤིང་། ན་ནིང་གི་སྤྱིའི་ཐོན་ཚད་ལས་སྤྱི་རྒྱ་ཁྲི3.5འཕར་ཡོད། རྗེས་མར། རང་ཞིང་གིས་ཞིང་འབྲེག་འཕྲུལ་ཆས་མངའ་ཁོངས་བརྒལ་ནས་ལས་ཀ་གཉེར་བར་བཀག་འགོག་མེད་པའི་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་པ་དང་། ཁ་ལོ་པས་ལས་འཚོལ་བརྩོན་ལེན་བྱེད་པར་རྩ་འཛུགས་བྱེད་པ། ཞིང་བསྡུ་འཕེལ་འགྲོས་ཇེ་མགྱོགས་སུ་བཏང་སྟེ། “སྡེ་བརྒྱད་ཁ་ནས་འབྲུ་རིགས་འཕྲོག་པ”མངོན་འགྱུར་བྱེད་དགོས། དུས་མཚུངས་སུ། བསྐྱར་འདེབས་བྱ་བ་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་སྨིན་ན་མྱུར་ཏུ་འབྲེག་པ་དང་བསྐྱར་དུ་བཏབ་ནས། འདེབས་འོས་པར་འདེབས་ཐུབ་པ་དང་བསྐྱར་འདེབས་འོས་པར་བསྐྱར་འདེབས་བྱེད་པར་ཁག་ཐེག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ལེགས་ཐོན་ལེགས་བསྡུ་ལ་རྨང་གཞི་བརྟན་པོ་འདིང་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།