ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་ཆུའི་གནས་ཚུལ་གྱི་སློབ་གསོའི་རྟེན་གཞི་ཐོག་མ་ཡུས་ཧྲུའུ་ཁུལ་དུ་སྒོ་བྱང་བཀལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་ཆུའི་གནས་ཚུལ་གྱི་སློབ་གསོའི་རྟེན་གཞི་ཐོག་མ་སྟེ——ཡུས་ཧྲུའུ“གཙང་གསུམ་འབྱུང་ཡུལ”རྒྱལ་ཁབ་ཀྱི་ཆུའི་གནས་ཚུལ་གྱི་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྟེན་རྫས་བཤམས་སྟོན་ཁང་དུ་སྤེལ། 

རྒྱལ་ཡོངས་ཀྱི་ཆུའི་གནས་ཚུལ་གྱི་སློབ་གསོའི་འཆར་འགོད(2015-2020ལོ་བར)》ཀྱི་བླང་བྱ་གཞིར་བཟུང་། ཡུས་ཧྲུའུ་ཆུ་བེད་ཅུའུ་ཏང་ཙུའུ་ཡིས་རྒྱལ་ཁབ་ཀྱི་འབོད་སྐུལ་ཧུར་ཐག་གིས་དང་ལེན་བྱས་ནས2019ལོར་ཁུལ་རྟེན་རྫས་བཤམས་སྟོན་ཁང་གི་ཆུའི་རིག་གནས་འགྲེམས་སྟོན་ལྟེ་གནས་གཞི་རྟེན་དུ་བྱས་ཏེ། རྒྱལ་ཁབ་ཀྱི་ཆུའི་གནས་ཚུལ་གྱི་སློབ་གསོའི་རྟེན་གཞི་རེ་ཞུ་བྱས། ཁུལ་ཆུ་བེད་ཅུའུ་དང་ཁུལ་རྟེན་རྫས་བཤམས་སྟོན་ཁང་གི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2021ལོའི་ཟླ1པོའི་ཚེས22ཉིན་ཆུ་བེད་པུའུ་གཞུང་སྒྲུབ་ཐིང་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གཞུང་སྒྲུབ་ཁང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་གཞུང་སྒྲུབ་ཐིང་བཅས་སྡེ་ཁག་གསུམ་གྱིས་ཡུས་ཧྲུའུ“གཙང་གསུམ་འབྱུང་ཡུལ”རྒྱལ་ཁབ་ཀྱི་ཆུའི་གནས་ཚུལ་གྱི་སློབ་གསོའི་རྟེན་གཞི་ལ་མཉམ་འབྲེལ་སྒོས་ངོས་འཛིན་བྱས་པ་དང་ཁྱབ་བསྒྲགས་བྱས། 

ཡུས་ཧྲུའུ་ཁུལ་གྱིས“གཙང་གསུམ་འབྱུང་ཡུལ”རྒྱལ་ཁབ་ཀྱི་ཆུའི་གནས་ཚུལ་གྱི་སློབ་གསོའི་རྟེན་གཞིའི་ལས་སྟེགས་ལ་བརྟེན་ནས། “ཆུ་གྲོན་ཆུང་བྱེད་པ་སྔོན་ལ་འཇོག་པ་དང་། བར་སྟོང་དོ་མཉམ་ཡོང་བ། མ་ལག་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་སྣོན་པ”བཅས་ཀྱི་དུས་སྐབས་གསར་པའི་ཆུ་བཅོས་བྱེད་ཕྱོགས་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། སྲིད་གཞུང་གི་གཙོ་ཁྲིད་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེའི་སློབ་གསོ་སྤེལ་བ། སྤྱི་དམངས་ཀྱིས་ཟམ་མི་ཆད་པར་རང་རྒྱལ་གྱི་ཆུའི་གནས་ཚུལ་ཤེས་རྟོགས་བྱེད་ཚད་གཏིང་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ། སྤྱི་དམངས་ཀྱི་ཆུའི་བདེ་འཇགས་དང་ཆུ་ལ་སེམས་ཁྲལ་བྱེད་པ།  ཆུའི་ཀུན་སྤྱོད་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། “མི་ཚང་མ་ཟབ་ཞུགས་དང་མི་ཚང་མར་ཁེ་ཕན་ཡོད་པའི”དམངས་ཡོངས་ཀྱི་ཆུའི་གནས་ཚུལ་གྱི་སློབ་གསོའི་མ་ལག་འཛུགས་སྐྱོང་དང་། དམངས་ཡོངས་ཀྱིས་ཆུར་ཤེས་རྟོགས་དང་། ཆུ་གྲོན་ཆུང་། ཆུར་སྲུང་སྐྱོང་། ཆུ་ལ་བརྩེ་བ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་དང་མི་དང་ཆུ་འཆམ་མཐུན་ཡོང་བའི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཆགས་པར་རྨང་གཞི་བརྟན་པོ་བཏིངས། དེ་དང་ཆབས་ཅིག་གཙང་གསུམ་འབྱུང་ཡུལ་གྱི་ཆུའི་གཏམ་རྒྱུད་ཡག་པོ་བཤད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་རྩོམ་ཡིག་བཟང་པོ་འབྲི་བ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་རིག་གནས་སྲུང་སྐྱོང་བཟང་པོ་བྱེད་པ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་དཔལ་ཡོན་རྒྱུད་སྤེལ་བཟང་པོ་བྱེད་པ་བཅས་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་རིག་གནས་ཀྱི“གསེར་གྱི་མིང་བྱང”གི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།