ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དངོས་མང་བཤམས་སྟོན་ཁང་མནའ་འབྲེལ་གྱི་འགྲེལ་བཤད་པའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་མཇུག་སྒྲིལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། ཞིང་ཆེན་རིག་དངོས་ཅུའུ་ཡིས་གཙོ་གཉེར་བྱས་པ་དང་། ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གིས་གཉེར་འགན་འཁུར་བའི“མཚོ་སྔོན་དངོས་མང་བཤམས་སྟོན་ཁང་མནའ་འབྲེལ་འགྲེལ་བཤད་པའི་གསོ་སྦྱོང་འཛིན་གྲྭ”དེ་ཟི་ལིང་དུ་བདེ་བླག་ངང་མཇུག་སྒྲིལ་བ་རེད། ཞིང་ཆེན་ཡོངས་ཀྱི་རིག་གནས་དངོས་མང་བཤམས་སྟོན་ལས་ཁུངས20ཡི་ཡུལ་དངོས་འགྲེལ་བཤད་པ40ལ་གཅིག་བསྡུས་གསོ་སྦྱོང་བྱས། 

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་སྟེང་ཆིན་ཧྲི་ཧོང་བང་སོའི་དངོས་མང་བཤམས་སྟོན་ཁང་དང་། ཕོ་བྲང་རྙིང་མའི་དངོས་མང་བཤམས་སྟོན་ཁང་། ཧོ་ནན་དངོས་མང་བཤམས་སྟོན་ཁང་། རྒྱལ་སའི་དངོས་མང་བཤམས་སྟོན་ཁང་། ཧྲིན་ཀྲེན་དངོས་མང་བཤམས་སྟོན་ཁང་། མཚོ་སྔོན་ཞིང་ཆེན་གྱི་ཕྱི་དོན་གཞུང་ལས་ཁང་སོགས་ཞིང་ཆེན་ཕྱི་ནང་གི་སྤྱི་ཚོགས་ཚན་རིག་དང་རིག་གནས་དང་དངོས་མང་བཤམས་སྟོན་གླིང་གི་མིང་གྲགས་ཆེ་བའི་ཆེད་མཁས་པ7གདན་དྲངས་ཏེ། 《ཕུལ་བྱུང་གི་འགྲེལ་བཤད་མི་སྣ་གསོ་སྐྱོང་བྱེད་པའི་ལག་ལེན》དང《འགྲེལ་བཤད་ཀྱི་ཐབས་ཤེས——སྲིད་དོན་སྣེ་ལེན་ལ་དཔེ་བཞག་ནས་བརྗོད་པ》དང་།《གུས་ལུགས་འགྲེལ་བཤད་དང་སྣེ་ལེན་གྱི་ཉམས་མྱོང་གལ་ཆེན་མཉམ་སྤྱོད་བྱེད་པ》། 《དངོས་མང་བཤམས་སྟོན་ཁང་གི་སློབ་གསོའི་རྣམ་གྲངས་ཀྱི་ཇུས་འགོད་དང་དོ་དམ》། 《ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་སྐུ་མགྲོན་དང་གུས་སྲོལ》། 《དུས་བབ་གསར་པའི་འོག་གི་དངོས་མང་བཤམས་སྟོན་ཁང་གི་འགྲེལ་བཤད་ལས་དོན》། 《དངོས་མང་བཤམས་སྟོན་ཁང་གི་རིག་གནས་དང་བླངས་ཞབས་ཞུ》སོགས་ཀྱི་སློབ་ཁྲིད་བྱས་པ་བརྒྱུད། དགེ་སློབ་བར་མཉམ་འགུལ་དང་བཞུགས་མོལ་སྤེལ་རེས། ཡུལ་དངོས་སློབ་ཁྲིད་སོགས་ཀྱི་རྣམ་པ་སྤྱད་དེ་མཚོ་སྔོན་དངོས་མང་བཤམས་སྟོན་ཁང་གི་མནའ་འབྲེལ་ལས་ཁུངས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། འགྲེལ་བཤད་པའི་ཞབས་ཞུའི་ཆུ་ཚད་དང་སྤྱི་ཡོངས་ཀྱི་བྱང་ཚད་བཅས་མཐོར་འདེགས་སུ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།