ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་འཛམ་གླིང་ནོར་ནག་རྒྱུད་སྤེལ་རྟེན་གཞི་གསར་སྐྲུན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས“འཛམ་གླིང་ནོར་ནག་རྒྱུད་སྤེལ་རྟེན་གཞི་སྟེ་ཡུས་ཧྲུའུ་ཡི་ནོར་ནག”གི་བཞུགས་མོལ་ཚོགས་འདུ་བསྡུས། གསར་འགོད་པས་བཞུགས་མོལ་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། རང་ཞིང་གིས་ཡུས་ཧྲུའུ་ཁུལ་དུ་འཛམ་གླིང་ནོར་ནག་རྒྱུད་སྤེལ་རྟེན་གཞི་གསར་སྐྲུན་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་ཐད་སྐུལ་འདེད་གཏོང་རྒྱུ་རེད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་གྱི་དཀྱིལ་སྙིང་ས་ཁུལ་ཡིན་ཞིང་། ལྗང་མདོག་བཅུད་ལྡན་དང་འབག་བཙོག་མེད་པའི་ས་ཁུལ་ཡིན་ལ། དག་གཙང་གི་དཀྱིལ་སྙིང་ས་ཁུལ་ཆེ་བ་བཞི་ཡིན་པ་མ་ཟད། མཐོ་སྒང་དང་ལྗང་མདོག སྐྱེ་ལྡན་ནི་ཡུས་ཧྲུའུ་ཞིང་ཕྱུགས་ལས་ཀྱི་ཁྱད་ཆོས་ཡིན་པ་དང་། སྒོས་སུ“ཡུས་ཧྲུའུ་ཡི་ནོར་ནག”ནི་“ཕྱིར་གཏོང་བྱེད་སའི”བདམས་གསེས་ཐོག་མ་ཡིན། ཡུས་ཧྲུའུ་ཡི་ནོར་ནག་ནི་དུས་ཡུན་རིང་བོར་ས་བབ་སྨི4000ཡན་གྱི་ས་ཁུལ་དུ་འཚོ་སྡོད་བྱེད་ཅིང་། ནོར་ནག་གི་རྒྱུད་བཟང་བ་དེས་ཐུན་མིན་གྱི་ས་གནས་ཁྱད་ཆོས་ཅིག་གྲུབ་ཡོད་དེ། དེར་སྐྱེས་འཕེལ་མགྱོགས་ཤིང་། བཤའ་ཚད་དང་ཤ་ཐོན་ཚད་མཐོ་བ། གཟུགས་གཞི་ཆེ་ཞིང་ཤའི་སྤུས་ཚད་བཟང་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ། མཐོ་སྒང་ནོར་ནག་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། 2016ལོར། ཞིང་ལས་ཞིང་སྡེ་པུའུ་ཡིས“ཡུས་ཧྲུའུ་ཡི་ནོར་ནག”ལ་དངོས་སུ་ཞིང་ཕྱུགས་ཐོན་རྫས་ཀྱི་ས་གནས་རྟགས་མཚན་གྱི་ཐོ་འགོད་སྲུང་སྐྱོང་ལག་བསྟར་བྱས། དེའི་རྗེས་སུ། “ཡུས་ཧྲུའུ་ཡི་ནོར་ནག”དེ་སྔ་རྗེས་སུ“རྒྱལ་ཁབ་སྒོ་ཟོག་རྒྱུད་འདེད་ཐོན་ཁུངས་སྲུང་སྐྱོང་མིང་ཐོ”དང“ཀྲུང་གོའི་ཞིང་ལས་ཐོན་རྫས་ཀྱི་མཚོན་རྟགས་རང་བཞིན་གྱི་ཟོང་རྟགས་སྟོབས་ཆེན་བརྒྱ”། “མཚོ་སྔོན་ཞིང་ལས་ཐོན་རྫས་ས་ཁོངས་སྤྱི་སྤྱོད་ཟོང་རྟགས”སོགས་སུ་བདམས།

བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་སྟེང་ཧ་ལམ་ནོར་ནག་ཁྲི1700ཡོད་ཅིང་། རང་རྒྱལ་དུ་ཁྲི1600ཡོད་པ་དངདེས94%ཡན་ཟིན། དེའི་ཁྲོད་རང་ཞིང་དུ་ཁྲི597ཡོད་པ་དང་དེས་རྒྱལ་ཡོངས་ཀྱི37.3%ཟིན་ལ། ཡུས་ཧྲུའུ་ཁུལ་དུ་ད་ལྟ་ཧ་ལམ་ནོར་ནག་ཁྲི150ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི25%ཟིན་པས། ཡུས་ཧྲུའུ་ནོར་ནག་གིས་འཛམ་གླིང་ནོར་ནག་གི་སྤྱི་གྲངས་ཀྱི་བཅུ་ཆའི་གཅིག་ཟིན་ཡོད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།