ཀྲུང་གོ་བོད་ཀྱི་དྲ་བ།

དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་གྱི་ཐེངས་བཅོ་ལྔ་བའི་འཐུས་མི་ཚོགས་ཆེན་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་གྱི་ཐེངས་བཅོ་ལྔ་བའི་འཐུས་མི་ཚོགས་ཆེན་བསྡུས། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་གྱིས་བརྙན་རིས་བརྒྱུད་དེ་ཤིས་ཚིག་ཕུལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་ཡིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། དམངས་གཙོའི་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་གཙོ་ཨུ་ལིའུ་ཐུང་ཏི་ཡིས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁུའེ་མགོ་རྩོམ་མཛད་སྒོར་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོའི་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་གཙོ་ཨུ་ཝང་ཞོན་གྱིས་མགོ་རྩོམ་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པའམ་དམངས་གཙོའི་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་དེ་སྔའི་གཙོ་ཨུ་པའོ་དབྱི་ཀྲི་མཛད་སྒོར་ཞུགས།

ཝང་ཀོང་ཆན་གྱིས་ཤིས་ཚིག་ཁྲོད་བསྟན་དོན། ལོ་ངོ་ལྔའི་རིང་། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་མགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་ཀྱིས། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སྲིད་ཞུགས་ཏང་གི་འགན་ནུས་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྟོབས་ཤུགས་གལ་ཆེན་འབུལ་བར་རོགས་འདེགས་བྱས་པ་དང་། བྱ་བ་སོ་སོར་གྲུབ་འབྲས་འབུར་ཐོན་བླངས་ཡོད་ཅེས་བསྟན། 

དབྱིན་པའེ་ཡིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས། ཁོའི་བཤད་རྒྱུར། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་ཚོགས་ཆེན་འཚོགས་པའི་རིང་ལ། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བློ་སེམས་གཅིག་སྒྲིལ་གྱིས། “རྒྱལ་ཁབ་ཀྱི་ལས་དོན་ལ་ཕྱོགས་ནས། དམངས་འཚོ་ལ་དོ་སྣང་བྱེད”པའི་སྲོལ་བཟང་རྒྱུན་འཛིན་བྱས་ཏེ། སྲིད་ཞུགས་ཏང་གི་འགན་ནུས་ལག་བསྟར་བྱེད་པ་དང་། རང་འགུལ་སྒོས་ཞིང་ཆེན་ཡོངས་ཀྱི་སྤྱི་ཁྱོན་ལ་ཞབས་འདེགས་ཞུས་ནས། སྲིད་གླེང་ཐད་གྲུབ་འབྲས་གསར་བ་བླངས་པ་དང་སྤྱི་ཚོགས་ཞབས་ཞུའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཤིང་། རང་སྟེང་འཛུགས་སྐྲུན་ཐད་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཧུར་ཐག་གི་བྱས་རྗེས་བཞག  ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་ཚོགས་ཆེན་གྱིས་བློ་བརྟན་འགྱུར་མེད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བྱས་པའི་ཁ་ཕྱོགས་ཐད་མདུན་དུ་བསྐྱོད་དེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་འབད་བརྩོན་བྱེད་དགོས་ཟེར།

ཚོགས་ཆེན་གྱིས་དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཞིབ་ལ་ཉན་པ་དང་། དམངས་གཙོའི་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོའི་མནའ་འབྲེལ་ཐེངས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྟེང་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་ཞིང་། འབྲེལ་ཡོད་གྲོས་ཆོད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།