ཀྲུང་གོ་བོད་ཀྱི་དྲ་བ།

དགུ་གསུམ་སློབ་ཚོགས་ཀྱི་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་དགུ་བ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས25ཉིན། དགུ་གསུམ་སློབ་ཚོགས་ཀྱི་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས9བ་བསྡུས། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཀྲུའུ་ཞི་གཞོན་པ་ཚུང་པིན་གྱིས་བརྙན་རིས་བརྒྱུད་དེ་གཏམ་བཤད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། 

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། གོ་མིན་ཏང་གསར་བརྗེའི་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཨུ་ལྷན་གྱི་གཙོ་ཨུ་ལིའུ་ཐུང་ཏི་ཡིས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་མགོ་རྩོམ་མཛད་སྒོར་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་གཙོ་ཨུ་ཏུའུ་ཏི་ཀྲི་ཡིས་མགོ་རྩོམ་ཤིས་ཚིག་ཕུལ། 

པད་གོས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། དགུ་གསུམ་སློབ་ཚོགས་ཀྱི་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པའི་ཚུན་ལ། དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ལྷན་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སེམས་ཤུགས་གཅིག་སྒྲིལ་གྱིས་ཆབ་སྲིད་སྦྲེལ་མཐུད་ཟབ་སྤེལ་རྒྱུན་འཁྱོངས་དང་། ཐུན་མོང་གི་བསམ་བློ་ཆབ་སྲིད་སྲ་བརྟན་བཏང་བའི་རྨང་གཞི་སྟེང་། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་དང་དམ་དུ་འབྲེལ་ནས། རྟོག་ཞིབ་ཞིབ་འཇུག་དང་དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོའི་ལྟ་སྐུལ་བྱ་བ་སྐུལ་འདེད་བཏང་སྟེ། རང་ཞིང་གི་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་བྱས་རྗེས་གལ་ཆེན་བཞག་ཡོད། རེ་བར་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་ལེན་བྱས་ནས། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་དང་ཁྱོན་ཡོངས་ནས་རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཚོ་སྔོན་གྱི་དགུ་གསུམ་སློབ་ཚོགས་ཀྱི་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཚོགས་ཆེན་གྱིས་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་དགུ་བའི་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ལ། ཀྲུའུ་ཁྲུན་ཡུན་སྐབས་དགུ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དུ་བདམས། ཚོགས་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དགུ་གསུམ་སློབ་ཚོགས་ཐེངས་བཅུ་གཉིས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་བ་དང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི2017—2022ལོའི་སྤྱི་ཚོགས་བྱ་བའི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་ཚོགས་མིར་གཟེངས་རྟགས་གནང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།