ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལག་བསྟར་ལྟ་སྐུལ་ཅུའུ་ཡིས་སྲོག་ཆགས་སྐྱེལ་འདྲེན་ཆེད་སྤྱོད་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་སྲོག་ཆགས་རིམས་འགོག་ཞིབ་བཤེར་ལྟ་སྐུལ་བྱ་བ་ཚད་ལྡན་དུ་གཏོང་བ་དང་། རིམས་འགོག་ཞིབ་བཤེར་ལ་གཡོལ་བར་རྒོལ་རྡུང་དང་རིམས་འགོག་ཞིབ་བཤེར་དཔང་ཡིག་རྫུན་བཟོ། ངེས་གཏན་བགྲོད་ལམ་དུ་མ་སོང་བར་སྲོག་ཆགས་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྒོལ་རྡུང་བཏང་ནས། སྲོག་ཆགས་དང་སྲོག་ཆགས་ཐོན་རྫས་སྐྱེལ་འདྲེན་ལྷུ་ཚིགས་ཀྱི་རིམས་ནད་བགོ་འདྲེན་གྱི་ཉེན་ཁ་འགོག་སྲུང་བྱེད་པ། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་འགན་སྲུང་བཅས་བྱ་ཆེད། ཉེ་ཆར། ཞིང་ཆེན་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་ལྟ་སྐུལ་ཅུའུ་ཡིས་སྲོག་ཆགས་སྐྱེལ་འདྲེན་ཆེད་སྤྱོད་ཁྲིམས་འཛིན་ལག་བསྟར་ལས་དོན་སྤེལ། 

རྒྱུས་ལོན་པ་ལྟར་ན། ས་གནས་གཉིས་ཀྱིས་ཆེད་སྤྱོད་ཁྲིམས་འཛིན་ལག་བསྟར་བྱ་འགུལ་སྤེལ་བའི་ཚུན་ལ། ཧུར་ཐག་གིས་འཆར་འགོད་དང་རང་འགུལ་སྒོས་དྲིལ་སྒྲོག ཞུ་གཏུགས་ཁ་པར་ཁྱབ་སྒྲོག་བྱས་ཏེ། དྲ་མིག་ཅན་གྱི་དོ་དམ་གཞིར་བཅོལ་ནས་གསོ་སྤེལ་དང་སྒོ་ཟོག་བཤའ་བའི་ཁེ་ལས། འདྲེན་འཚོང་དང་སྒེར་གཉེར་གསོ་སྤེལ་ཁྱིམ་ཚང་སོགས་ཀྱི་རྩད་ཞིབ་བྱ་བ་ནན་ཏན་གྱིས་སྤེལ་བ་དང་། མྱུར་བགྲོད་གཞུང་ལམ་དོ་དམ་ཅུའུ་དང་ཆ་འཕྲིན་ཕན་སྦྲེལ་སྒྲིག་སྲོལ་སྒྲིག་འཛུགས་སྒོས་ཁྲིམས་འགལ་སྲོག་ཆགས་སྐྱེལ་འདྲེན་བྱ་སྤྱོད་ལ་རྩད་ཞིབ་བྱས། གསོ་སྤེལ་དང་སྒོ་ཟོག་བཤའ་བའི་ཁེ་ལས་ཀྱི་ཡིག་ཚགས་ཁ་ཚང་དང་ཟིན་ཐོ་ཆ་ཚང་ཡིན་ལ། སྒེར་གཉེར་གསོ་སྤེལ་ཚོང་བའི་རིམས་འགོག་འདུ་ཤེས་ཅུང་དྲག་པོ་ཡིན་ཞིང་། ཚང་མས་ས་གནས་ཀྱི་གཞི་ཁྱོན་གསོ་སྤེལ་ར་བ་ནས་སྲོག་ཆགས་ཉོ་བསྡུ་བྱས་ཡོད། ལྐོག་ནས་ཁྲོམ་བསྐོར་གྱིས་སྲོག་ཆགས་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་བྱུང་མེད། 

ཁེ་ལས་དང་གསོ་སྤེལ་ཚོང་བ་ཆེ་གྲས་སྐོར་ཞིག་གི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཚན་ཆུང་གིས་ཉེན་བརྡ་བཏང་བ་མ་ཟད། མྱུར་ཏུ་ལེགས་བཅོས་བྱེད་པར་བཀའ་རྒྱ་བཏང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།