ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐེངས35པའི“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐོན་ལ་ཉེ་དུས། ཟླ6པའི་ཚེས23ནས་ཚེས24ཉིན་བར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་དུག་འགོག་གཞུང་ལས་ཁང་གིས་མཉམ་དུ་སྤེལ་བའི“དུག་རྫས་ངའི་ཁྱིམ་དུ་མི་ཐོན་པའི”དུག་འགོག་དྲིལ་སྒྲོག་གི་བྱ་འགུལ་དེ་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཨ་སྔོན་ཤང་རྡོ་རྗེ་ལ་ཁ་སྡེ་བ་དང་། ཟི་ལིང་གྲོང་ཁྱེར་གྲོང་མཁར་ཤར་ཁུལ་ཚི་ཡིའུ་སྡེ་ཁུལ་དུ་སྤེལ་བ་རེད།
བྱ་འགུལ་སྟེང“བདེ་ཐང་དང་དུག་མེད་ཀྱི་ཁྱིམ་ཚང་གི་ཤེས་བྱའི་སློབ་ཁྲིད”དང་། “བྱིས་པར་གཅེས་སྐྱོང་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ།” “དུག་འགོག་ཚན་རིག་ཁྱབ་གདལ་གྱི་ཤེས་བྱའི་དྲི་བར་ལན་འདེབས་པ”སོགས་ཀྱི་བྱེད་ཐབས་བརྒྱུད་དེ། བུད་མེད་མང་ཚོགས་ལ《དུག་འགོག་གི་གྲོས་གཞི་ཡི་གེ》200སྤྲད་པ་དང་། དུག་འགོག་གི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་དང་བདེ་ཐང་ཤེས་བྱའི་དྲིལ་སྒྲོག་གི་དཔེ་དེབ་དང་ཡིག་ཆ600ཞལ་འདེབས་སུ་ཕུལ་བ། སྡེ་ཁུལ་གྱི་དུག་གཅོད་དང་འཚོ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ། གཉོར་སྐྱོང་བྱས་པའི་བྱིས་པར་འཚོ་བཅུད་བདེ་ཐང་ཁུག་མ120སྤྲད་པ་སོགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞིང་ཆེན་དུག་འགོག་གཞུང་ལས་ཁང་དང་མཉམ་དུ་སྣ་མང་ཕུན་སུམ་ཚོགས་པའི་དྲ་ཐོག་དང་དྲ་ཕྱིའི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་དང་གཅེས་སྐྱོང་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་གྱིས“དུག་རྫས་ངའི་ཁྱིམ་དུ་མི་ཐོན་པའི”དུག་འགོག་དྲིལ་སྒྲོག་གི་བྱ་འགུལ་སྤེལ་བ།