ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒན་པའི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་རྒན་པའི་ཁེ་དབང་འགན་སྲུང་སྲོལ་ཡིག་ཁྲིམས་སྤྱོད་ཞིབ་བཤེར་ཚན་ཆུང་གྱི་ཚང་འཛོམས་གྲོས་ཚོགས་བསྡུས། ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧུང་ཡོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞུའེ་ཅན་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་སྲིད་ཐིན་སོགས་སྡེ་ཁག་དྲུག་གི་འབྲེལ་ཡོད་འགན་ཁུར་མི་སྣས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་གནས་ཚུལ་ཐད་ནས་བརྗེ་རེས་གཏམ་བཤད་བྱས།

ཀྲུང་ཧུང་ཡོན་གྱིས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒན་པའི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ཁྲིམས་འཛིན་ཞིབ་བཤེར་སྤེལ་བ་ནི། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པའི་ལག་ལེན་གསོན་པོ་དང་། མི་གྲངས་རྒན་འགྱུར་ཅན་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་བྱེད་ཐབས་གཙོ་བོ་ཡང་ཡིན་ལ། རྒན་པ་སྟེ་དམིགས་བསལ་མི་ཚོགས་ལ་དེ་ལས་མཐོང་ཆེན་བྱེད་པ་ཡིན།

ཀྲང་ཧུང་ཡོན་གྱིས་ནན་གྱིས་བསྟན་དོན། ཁྲིམས་འཛིན་ཞིབ་བཤེར་བཟང་བོ་སྤེལ་ན། རྒན་པའི་ཁེ་དབང་འགན་སྲུང་བྱ་བའི་མིག་སྔར་གྱི་རྒྱལ་ཁབ་དང་ཞིང་ཆེན་གནས་བབ་འཕེལ་རྒྱས་ཐད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བཅའ་ཁྲིམས་ནང་གཏན་ཁེལ་བྱས་པའི་ལམ་ལུགས་གལ་ཆེན་དང་བྱེད་ཐབས། འགན་འཁྲི་ལག་བསྟར་བྱེད་པར་དམིགས་ནས་ཁྲིམས་འཛིན་ཞིབ་བཤེར་སྤེལ་བ། དམངས་ཆེན་གྱི་བཅའ་ཁྲིམས་སྐོར་ཞིབ་ལྟ་སྐུལ་བཀོལ་སྤྱོད་བཟང་བོ་བྱེད་པ། ཁྲིམས་འཛིན་ཞིབ་བཤེར་ཕན་ནུས་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། རྒན་པའི་ཁེ་དབང་བཅའ་ཁྲིམས་འགན་སྲུང་ལ་སྐུལ་འདེད་གཏོང་བ་དང་། རྒན་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྒན་པའི་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ། རྒན་པར་གསོ་སྐྱོང་བྱེད་མཁན་ཡོད་པ་དང་འཚོ་བ་བདེ་སྐྱིད་ལྡན་པ། ལུས་ཕུང་བདེ་ཐང་ཡིན་ཞིང་ཚེ་ཐག་རིང་བའི་མཛེས་སྡུག་གི་རེ་འདུན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།