ཀྲུང་གོ་བོད་ཀྱི་དྲ་བ།

དེ་རིང་ནས་ཟླ8པའི་ཟླ་མཇུག་བར་དུ་མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་གིས་དབྱར་དུས་ཀྱི་ཆང་འཐུས་རྗེས་རླངས་འཁོར་བསྐོར་བའི་བྱ་སྤྱོད་དག་ཐེར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཤེས་གསལ་ལྟར་ན། དེ་རིང་ནས་ཟླ8པའི་ཟླ་མཇུག་བར་དུ། རང་ཞིང་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཞིང་ཆེན་ཡོངས་སུ་ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་དང་། ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་ནག་ཉེས་ལ་གཅིག་གྱུར་དག་ཐེར་བྱ་རྒྱུ་ཡིན་ལ། དེ་རྒྱུན་རྣམ་ཅན་དང་ཕྱོགས་བསྡུས་ཅན་གྱི་སྒོ་ནས་ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་ནག་ཉེས་ལ་དག་ཐེར་བྱ་རྒྱུ་རེད། 

ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གྲོང་ཁྱེར་བཟའ་བཏུང་རོལ་རྩེད་ཁང་དང་ཆང་ཁང་། མཁར་ཤང་མཉམ་བསྲེས་ཀྱི་ཉེ་འཁོར་དུ། ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་འགྲིམ་འགྲུལ་དོན་རྐྱེན་བྱུང་སླ་བའི་ལམ་མཚམས་སུ་གཙོ་གནད་སྒོས། ཁྲིམས་ལུགས་ལག་བསྟར་རུ་ཁག་རྩ་འཛུགས་བྱས་ཏེ། ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་དག་ཐེར་བྱ་རྒྱུ་རེད། དེ་མིན། རེས་གཟའ་ལྔ་བ་དང་དྲུག་པར་ཞིང་ཆེན་ཡོངས་སུ་གཅིག་གྱུར་དག་ཐེར་བྱེད་པའི་རྨང་གཞིའི་སྟེང་། ས་གནས་སོ་སོའི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་གཟའ་འཁོར་རེར་དག་ཐེར་བྱས་ཏེ། དགོང་མོའི་དོ་དམ་ཚོད་འཛིན་ཤུགས་ཚད་ཆེ་རུ་གཏོང་རྒྱུ་རེད། དུས་མཉམ་དུ་རླངས་འཁོར་ཁ་ལོ་བའི་བདེ་འཇགས་སྲུང་ཐག་མི་བཅིངས་པ་དང་། འཕྲུལ་རྟར་ཞོན་མཁན་གྱི་བདེ་འཇགས་ཞྭ་མོ་མི་གྱོན་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་དག་ཐེག་བྱ་རྒྱུ་ཡིན་ལ། གློག་སྒུལ་ལྕགས་རྟ་ཞོན་མཁན་གྱི་བདེ་འཇགས་ཞྭ་མོ་མི་གྱོན་པར་ཁ་ཏ་སློབ་གསོའི་ཤུགས་ཚད་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།