ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་དུ་རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་དང་འཚོ་སྡོད་བྱེད་སའི་གནས་མང་པོ་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1656034120319805.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། བྱ་གག་ཆུང་ཆུང་ཁྱུ་གཅིག་གིས་ཨ་མ་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་གྱི་འདམ་རའི་སྤྱི་གླིང་དུ་ཆུ་རྩེད་བྱེད་བཞིན་ཡོད། གནས་དེ་རུ་འཆམ་མཐུན་རང་བྱུང་གི་སྐྱེ་ཁམས་ཀྱི་རྣམ་པ་མངོན་ཏེ། གྲོང་ཁྱེར་དང་སྤྱི་གླིང་གི་ཁོར་ཡུག་ལ་གསོན་ཤུགས་མི་ཉུང་བ་ཞིག་བསྣན་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་པེ་ཁྲོན་གཙང་པོ་དང་། ཧུ་ཧྲའོ་ལུང་བ། ཙོང་ཆུ་སོགས་ནི་རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་དང་འཚོ་སྡོད་བྱེད་པའི་ས་ཆ་བཟང་བོ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།