ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཕྱི་ནས་ཟི་ལིང་དུ་ཡོང་མཁན་དང་ལོག་མཁན་གྱིས་མ་ལག་འདིར་ཐོ་འགོད་ཞུ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་གསལ་འདེབས་གལ་ཆེན་བསྒྲགས་དོན། ཟླ6པའི་ཚེས22ཉིན་གྱི་དུས་ཚོད0ནས་བཟུང་། ཞིང་ཆེན་ཕྱི་ནས་ཡོང་མཁན་དང་ལོག་མཁན་ཐམས་ཅད་ཀྱིས་མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་སྙན་ཞུ་ཐོ་འགོད་མ་ལག་བརྒྱུད་ནས་སྙན་ཞུ་ཐོ་འགོད་བྱེད་དགོས་ཤིང་། སྔོན་གྱི་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་སྙན་ཞུ་ཐོ་འགོད་མ་ལག་སྤྱོད་མཚམས་བཞག 

ཞིང་ཆེན་ཕྱི་ནས་ཡོང་མཁན་དང་ལོག་མཁན་ཐམས་ཅད་ཀྱིས་སྐད་འཕྲིན་གྱི་འཚོལ་བཤེར“བདེ་ཐང་མཚོ་སྔོན”ཞེས་པའི་སྤྱི་སྟེགས་ལ་དོ་སྣང་བྱས་ཏེ། “མཚོ་སྔོན་དུ་ཡོང་མཁན་དང་ལོག་མཁན”སྙན་ཞུ་ཐོ་འགོད་འདེམ་དགོས། མཚོ་སྔོན་དུ་ལོག་མཁན་གྱིས“མཚོ་སྔོན་དུ་ལོག་པའི་དཔེ་དུམ”བདམས་ནས་ཐོ་འགོད་སྙན་ཞུ་བྱེད་དགོས། “མཚོ་སྔོན་དུ་ཡོང་མཁན”གྱིས་མཚོ་སྔོན་དུ་ཡོང་མཁན་ཞེས་པ་བདམས་ནས་སྙན་ཞུ་ཐོ་འགོད་ཞུ་དགོས། མཚོ་སྔོན་དུ་ཡོང་མཁན་དང་ལོག་མཁན་གྱིས་རང་ཉིད་མཚོ་སྔོན་གྱི་གྲོང་ཁྱེར་གང་དང་ཁུལ་གང་དུ་ཡོད་པ་བདམས་ནས་ཁ་བསྐངས་ཚར་རྗེས། གཏན་ཁེལ་མནན་ན་དེ་མ་ཐག་ཐོ་འགོད་ཡར་སྤྲོད་ལེགས་འགྲུབ་བྱས་པ་ཡིན། 

ཟི་ལིང་གྲོང་ཁྱེར་པྲོག་གསར་བློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང་གི་གསལ་འདེབས་གསར་ཤོས་ལྟར་ན། ཞིང་ཆེན་ཕྱི་ནས་ཡོང་མཁན་དང་ལོག་མཁན་ཐམས་ཅད་ཀྱིས་འགྲུལ་རིམ་སྙན་ཞུ་འབུལ་བ་དང་། བདེ་ཐང་ལྟ་རྟོག་བརྟག་དཔྱད་བརྩི་སྲུང་ཞུ་བ། ནད་རྟགས་བྱུང་ན་མྱུར་ཏུ་སྙན་ཞུ་འབུལ་བ། དཀྲོག་གཏམ་མི་བཟོ་བ་དང་མི་སྒྲོག་པ། དབང་གྲགས་ལྡན་པའི་ཆ་འཕྲིན་ལ་དོ་སྣང་བྱེད་པ། འགྲོ་འོང་དོ་དམ་བྱེད་ཐབས་ལ་བརྩི་སྲུང་ཞུ་བ། ཚ་བརྟག་པ་དང་བཤེར་རིས་ཐོ་འགོད་ལེགས་པར་སྒྲུབ་དགོས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།