པད་མ་རྫོང་གིས་དུས་རབས་གསར་བའི་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་འཛུགས་བྱ་བར་ཤུགས་བསྣན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《དུས་རབས་གསར་བའི་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་འཛུགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》)དཔར་འགྲེམ་བྱས་པའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ལས་བྱེད་རྒན་པའི་ཞབས་ཞུ་ཁང་གིས《བསམ་འཆར》དགོངས་དོན་སློབ་སྦྱོང་ལག་ལེན་བྱེད་པ་དེ་ལས་འགན་གལ་ཆེན་དུ་བྱས་ཏེ། བྱ་བ་སོ་སོ་ཏན་ཏིག་གིས་སྤེལ་ནས། 《བསམ་འཆར》གྱི་བླང་བྱ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས་ཏེ། དུས་རབས་གསར་བའི་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་འཛུགས་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན། 

རྫོང་དེའི་ལས་བྱེད་རྒན་པའི་ཞབས་ཞུ་ཁང་གིས་སོ་སོར་ལས་བྱེད་པ་ཡོངས་དང་རྫོང་ཡོངས་ཀྱི་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྩ་འཛུགས་བྱས་ཏེ《བསམ་འཆར》གྱི་ཕྱོགས5ཡིནང་དོན13ལ་ཆེད་དོན་སློབ་སྦྱོང་བྱས་པ་མ་ཟད། རང་རང་གི་ལས་བགོས་ལྟར་བགྲོ་གླེང་བྱས་ཤིང་། མ་འོངས་པའི་བྱ་བའི་བསམ་ཕྱོགས་གསལ་བོར་བྱས་པ་དང་། “བརྗོད་དོན་ཏང་གི་ཉིན་མོ”དང“བཞུགས་མོལ་བསམ་བློ་བརྗེ་རེས”སོགས་ཀྱི་རྣམ་པས། མ་ཡིག་སློབ་པ་དང་། གནས་ལུགས་གོ་རྟོགས་བྱེད་པ། བསམ་ཚོར་བརྗོད་ནས། ལས་བྱེད་རྒན་པའི་བྱ་བའི་ཚོགས་པ་དང་། “པད་མའི་རྩ་འཛུགས་བྱ་བ”སོགས་སྐད་འཕྲིན་སྟེགས་བུ་བརྒྱུད་ནས།《བསམ་འཆར》གྱི་དགོངས་དོན་སློབ་སྦྱོང་ཡོངས་སུ་ཁེབས་པར་ཁག་ཐེག་བྱས་ཤིང་། རྫོང་གི་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་ལ་གཞི་བཅོལ་ནས་རིགས་སོ་སོའི་བརྗོད་དོན་ལག་ལེན་བྱ་འགུལ་སྤེལ་ཏེ། 《བསམ་འཆར》དགོངས་དོན་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས། དུས་མཚུངས་སུ། མུ་མཐུད་དུ་ལས་འཁྱུར་ངལ་གསོའི་ལས་བྱེད་ཏང་ཡོན་གཅིག་བསྡུས་འདུག་ས་དང་། བྱ་འགུལ་སློབ་སྦྱོང་བྱེད་ས་འཚོལ་ཞིབ། “རྒན་ལྔའི”དཔུང་ཁག་ཁྲོད་ཏང་རྩ་འཛུགས་སྒྲིག་འཛུགས་བྱས་ནས། ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་འཛུགས་དེ་གཞི་རིམ་ཏང་འཛུགས་ཁྲོད་འདྲེས་སུ་འཇུག་པར་སྐུལ་འདེད་བཏང་།། 

དེ་མིན། རྫོང་དེས“དྲུག་ལྔའི”ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་ཀྲི་པུའུ་གསར་སྐྲུན་གཙོར་བཟུང་ནས། ལས་འཁྱུར་ངལ་གསོའི་ཏང་ཀྲི་པུའུ་རྩ་འཛུགས་སྡེབ་སྒྲིག་ལེགས་པོ་བྱེད་པ་དང་། ལས་འཁྱུར་ངལ་གསོའི་ལས་བྱེད་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་མ་ཟད། རྒྱ་ཆེའི་ལས་འཁྱུར་ངལ་གསོའི་ཆབ་སྲིད་ཤུགས་སྣོན་དང་། ལྟ་སྦྱོང་ཟབ་མོ་སོགས་ཀྱི་དགེ་མཚན་འདོན་སྤེལ་གྱིས། པད་མ་རྫོང་གི“རྒན་ལྔའི”དཔུང་ཁག་འཛུགས་སྐྲུན་འཐུས་ཚང་དུ་བཏང་སྟེ། ལས་འཁྱུར་ངལ་གསོའི་ལས་བྱེད་ཏང་ཡོན་གྱིས་གྲོང་གསེབ་དར་སྤེལ་སོགས་ཀྱི་གཙོ་གནད་བྱ་བར་སྣེ་ཁྲིད་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།