ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་ཐོག་གི་དུག་འགོག་སློབ་གསོ་ཁང་ཐོག་མ་སྒོ་ཕྱེས་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དྲ་ཐོག་ནས་རྟོག་བཟོའི་ལྟ་སྐོར་དང་། ཏུའུ720ཡིས་ཡུལ་ལྗོངས་ཡོངས་ལ་ལྟ་སྐོར་བྱེད་པ། སྒྲ་ལྡན་གསལ་བཤད་ངང་བརྙན་ལམ་གསལ་བཤད། མཉམ་འགུལ་རོལ་རྩེད་མྱོང་རོལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཟླ6པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་ཐོག་གི་དུག་འགོག་སློབ་གསོ་ཁང་ཐོག་མ་སྟེ་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་གྱི་དྲ་ཐོག་གི་དུག་འགོག་སློབ་གསོ་ཁང་དངོས་སུ་སྒོ་ཕྱེས་བ་རེད། བྱེད་ཐབས་དེས་སྲོལ་རྒྱུན་གྱི་དྲ་ཕྱིའི་དྲིལ་སྒྲོག་དེ་དྲ་ཐོག་གི་དྲིལ་བསྒྲགས་ལ་བསྒྱུར་ནས། མང་ཚོགས་ཕྱིར་བསྐྱོད་མི་དགོས་པར་དུག་རྫས་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དང་དུག་འགོག་གི་ལོ་རྒྱུས་སློབ་སྦྱོང་བྱེད་ཐུབ། 

ངོ་སྤྲོད་བྱས་པ་ལྟར་ན། དུག་རྫས་ལ་བཀག་འགོག་ནུས་ལྡན་བྱ་ཆེད། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དུག་འགོག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་དུག་རྫས་དང་འབྲེལ་བ་ཡོད་པའི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྔོན་འགོག་ཚོད་འཛིན་དང་དུག་སེལ། བྱ་བའི་བསམ་ཕྱོགས་གསར་གཏོད་བཅས་བྱས་ཏེ་དུག་འགོག་དྲིལ་སྒྲོག་གི་རྣམ་པ་གསར་པ་བཏོད། སློབ་གསོ་ཁང་དེའི་ནང་ཧུའུ་མོན་དུ་བ་ཕྱིར་ཚོང་གི་བརྙན་ཕབ་ཆ་ཚང་དང་། དུག་འགོག་མཉམ་འགུལ་བརྙན་ཤེལ་ཆེན་མོ། དུག་འགོག་རྟོག་བཟོའི་བརྙན་ཐུང་། དུག་འགོག་རྟོག་བཟོའི་དཔེ་ཆ་སོགས་ནང་དོན་འབོར་ཆེན་ཡོད། མི་དང་འཕྲུལ་ཆས་བར་གྱི་སྤེལ་རེས་དང་། མཐོང་ནུས། རྣ་ཤེས་སྤེལ་རེས་བཅས་ཀྱི་ཚན་རྩལ་མཐོ་བའི་འགྲེམས་སྟོན་བྱེད་ཐབས་བརྒྱུད་དེ། སྒྲ་དང་འོད། གློག མཉམ་འགུལ་བཅས་ཀྱི་རྣམ་གྲངས་སྤྱད་ནས་ལྟ་སྐོར་བ་ཚོར་རང་ཉིད་དངོས་སུ་སླེབས་པའི་ཕན་འབྲས་ཐོན་པས། དེའི་ནང་ཞུགས་མཁན་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད། དེ་ལས་གཞན། ད་དུང་རོལ་རྩེད་ཆུང་གྲས་དང་འགུལ་རིས་ཆུང་གྲས། བརྙན་ཐུང་སོགས་ངོ་མཚར་ཆེ་བའི་འགྲེམས་སྟོན་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་དུག་འགོག་ཤེས་བྱ་རིམ་བཞིན་ལྟ་སྐོར་བར་བརྒྱུད་བསྒྲགས་བྱས། མཁར་དཀྱིལ་ཁུལ་གྱི་སྤྱི་བདེ་མི་སྣས་རྒྱ་ཆེའི་མང་ཚོགས་དང་ལག་གདང་སྦྲེལ་ནས། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང་དུག་རྫས་དང་ཁ་བྲལ་ཏེ། བདེ་ཐང་གི་འཚོ་བ་རོལ་དགོས་པའི་འབོད་སྐུལ་བྱས། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།