ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་རྐང་འཛིན་སློབ་སྦྱོང་འཛིན་གྲྭ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་རྐང་འཛིན་སློབ་སྦྱོང་འཛིན་གྲྭ་བཙུགས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་སློབ་ཁང་དུ་སྤེལ་ཏེ། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་སློབ་གསོའི་ངེས་པར་དུ་སྦྱང་དགོས་པའི་སློབ་ཚན་དུ་གྱུར་ཡོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་དང་། ཐད་གཏོགས་ཏང་རྩ་འཛུགས་དང་དེ་བཞིན་ལས་ཁུངས་ཁ་ཤས་ཀྱི་གུང་གཞོན་སྡེ་ཚོགས་རྩ་འཛུགས་དང་། བུད་མེད་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་བསྡོམས་པས་མི87ཞུགས་ཡོད། 

སློབ་མགོ་ཚུགས་པའི་མཛད་སྒོའི་སྟེང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཟུང་འབྲེལ་སྒོས་འགྲེམས་སྤེལ་བྱས་པའི《ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་བཙུགས་པའི་སྐོར་གྱི་བརྡ་ཐོ》ཡི་དགོངས་དོན་ལ་གཞིགས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ་བརྟན་འཇགས་ངང་རྒྱུན་རྣམ་ཅན་དུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།  ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཆོས་ལུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཞིབ་འཇུག་པ་ཨའོ་ཁྲུང་རུང་གིས“མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་འཚོལ་ཞིབ་དང་ཉམས་མྱོང་བློ་འབྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས། ཀྲུང་དབྱང་གི་ཁྱོན་ཡོངས་དང་མཚོ་སྔོན་གྱི་ཁྱོན་ཡོངས་གླེང་ནས། དོན་སྙིང་ཟབ་ལ་གོ་བདེ་བའི་སྒོ་ནས་འཆད་ཁྲིད་བྱས་པ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།