ཀྲུང་གོ་བོད་ཀྱི་དྲ་བ།

པད་མ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཙོ་གནད་ལས་དོན་སྤེལ་བར་སྣེ་ཁྲིད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ཏང་འཛུགས་སྐྱོང་སྣེ་ཁྲིད་བྱ་རྒྱུར་མཐའ་འཁྱོངས་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། རིམས་ནད་སྔོན་འགོག་ཚོད་འཛིན། ནག་འཇོམས་ངན་སེལ། སྲིད་གཙང་འཛུགས་སྐྱོང་། གསར་བརྗེའི་རྒྱུན་འཛིན་སོགས་གཙོ་གནད་ལས་དོན་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་བཏང་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་པད་མ་གསར་བ་ཞིག་བསྐྲུན་ཆེད་བྱས་རྗེས་བཞག

པད་མ་རྫོང་གི་ཏང་གི་རྩ་འཛུགས་རིམ་པ་སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་རྒྱུན་ལྡན་གྱི་ལས་ཀར་བརྩིས་ནས། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་སྤེལ་རེས། ཞིབ་བསྡུར་སློབ་སྦྱོང་བྱས་པ་བརྒྱུད་བྱེད་སྒོ་སྒྲིག་འཛུགས་སྟབས་བསྟུན་སློབ་སྦྱོང་སོགས་སློབ་སྦྱོང་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཏང་ཡོན་ལས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བརྩོན་སེམས་སྔར་ལས་ཆེ་རུ་བཏང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་རྡུང་རྡེག་ཐེབས་པར་དམིགས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ལས་དོན་ཏན་ཏིག་ངང་བསྒྲུབས་ནས། མང་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་དང་མཉམ་འགོག་མཉམ་བཅོས་ཀྱི་བྱ་བ་ཧུར་ཐག་གིས་བསྒྲུབས་ནས། མཚོ་སྔོན་གྱི“ལྷོ་སྒོ་ཆེན་པོའི”བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱུ་དེ་རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་ལ་དམ་འཛིན་བྱེད་པར་མཐའ་འཁྱོངས་བྱས་ནས། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ལ་གྲལ་བཤེར་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་ནག་ཚོགས་ཀྱི་བྱ་སྤྱོད་ངན་པ་དང་འབྲེལ་བའི་གནད་དོན་གྱི་འགོག་སྲུང་ནུས་ཤུགས་ཆེ་རུ་བཏང་བ་རེད། །                             

རྩོམ་སྒྲིག་པ། : བདེ་ལེགས་མཚོ།