ཟི་ལིང་ནས་བྱིས་པ་བསླུ་འཚོང་བྱེད་པའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཆུའུ་སྤྱི་བདེ་ཡན་ལག་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཁག་གིས་ཀོས་དབྱང་ཉེན་རྟོག་ཕྱོགས་ལ་རོགས་འདེགས་བྱས་ནས་བྱིས་པ་བསླུ་འཚོང་བྱེད་པའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས།

2022ལོའི་ཟླ6པའི་ཚེས16ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཆུའུ་སྤྱི་བདེ་ཡན་ལག་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཁག་ལ་ཀོས་དབྱང་གྲོང་ཁྱེར་ཧྭ་ཞི་ཡན་ལག་ཅུའུ་ཡི་ཁོངས་གཏོགས་ཁུལ་གྱི་རུས་ཝང་ཅན་གྱི་བྱིས་པ་ཞིག་བསླུ་འཚོང་བྱས་པར་ཞིབ་བཤེར་རོགས་འདེགས་བྱེད་དགོས་པའི་བརྡ་འབྱོར་པ་དང་། གྱོད་གཞི་དེའི་ཁྲོད་ཀྱི་དོགས་ཡོད་ཉེས་ཅན་ཏའེ་ཆེ་གེ་མོ(མོ)མཁར་བྱང་ཆུའུ་སྤྱི་བདེ་ཡན་ལག་ཅུའུ་ཡི་ཁོངས་གཏོགས་ས་ཁུལ་དུ་སྦས་སྐུང་བྱས་ཡོད་པ་རྩད་ཆོད། མཁར་བྱང་ཆུའུ་སྤྱི་བདེ་ཡན་ལག་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཁག་གི་མགོ་ཁྲིད་ཀྱིས་དེར་ཚད་མཐོ་བའི་མཐོང་ཆེན་བྱས་ཏེ། དུས་ཐོག་ཏུ་མྱུལ་ཞིབ་མི་སྣ་མངགས་ནས་འབྲེལ་ཡོད་བྱ་བ་སྒྲུབ་པར་བཀོད་སྒྲིག་བྱས་པ་དང་། ཆ་འཕྲིན་དབྱེ་ཞིབ་དང་གྲལ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཏའེ་ཆེ་གེ་མོའི་འགྲོ་འདུག་སྤྱོད་གསུམ་གྱི་གནས་ཚུལ་གཏན་འཁེལ་བྱས་ཐོག ཟླ6པའི་ཚེས18ཉིན། ཉེན་རྟོག་པས་མཁར་ཤར་ཆུའུ་ཡི་གཞིས་ཁུལ་ག་གེ་མོ་ཞིག་གི་ནང་ནས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས། ཞིབ་དཔྱད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཀྱིས2009ལོའི་ཟླ4བའི་ཟླ་སྨད་དུ་ཀོས་དབྱང་གྲོང་ཁྱེར་ཧྭ་ཞི་ས་ཁུལ་གྱི་བྱིས་པ་ཞིག་ལ་མགོ་སྐོར་བཏང་ནས་ཧོ་པེ་ཞིང་ཆེན་ཝེ་རྫོང་གི་སྐྱེས་པ་ཞིག་ལ་སྒོར18000བྱས་ཏེ་བཙོངས་པ་ཤེས་རྟོགས་བྱུང་། 

མིག་སྔར། དོགས་ཡོད་ཉེས་ཅན་དེ་ཀོས་དབྱང་གྲོང་ཁྱེར་ཧྭ་ཞི་ཡན་ལག་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཁག་ལ་སྤྲད །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།