གཙང་བོའི་མགོ་ཁུངས་སུ་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་བ་བརྩམས།

༡.jpg

སྔོ་ཐིང་ཐིང་གི་ཞིང་ཁ་རུ་གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་རྒྱས།

1655864534934952.jpg

དམར་མདངས་བཀྲ་བའི་འབྲུ་ཏ་ས་འཛིན་གྱིས་ཞིང་བར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན།

1655864541380565.jpg

དབྱར་རྩྭ་དགུན་འབུ་ཆུང་ཆུང་ལ་བརྟེན་ནས་གྲོང་གསེབ་ལ་འཕེལ་རྒྱས་ཆེན་པོ་བྱུང་།

1655864547969566.jpg

རྒྱ་སྲན་འདེབས་འཛུགས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་།

1655864556674720.jpg

ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་ལ་བརྟེན་ནས་མང་ཚོགས་ཕྱུག་པོར་གྱུར།

1655864565193781.jpg

ཏང་འཛུགས་སྐྱོང་གིས་མི་རིགས་མཐུན་སྒྲིལ་གྱི་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།

1655864575846716.jpg

ཞིང་ཁྱིམ་དཔེ་ཁང་གིས་གྲོང་གསེབ་ཀྱི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

1655864582545980.jpg

ཐོན་ལས་དར་སྤེལ་བཏང་སྟེ་ཞིང་ཁར་རེ་བས་ཁེངས། 

ས་གཞི་སྔོ་ལྗང་དུ་གྱུར་ཞིང་གཙང་བོའི་ལྷུང་ལྷུང་གི་བཞུར་སྒྲའི་ཁྲོད། དབྱར་གཞུང་གི་མཚོ་སྔོན་གྱི་ས་ཆ་སོ་སོ་རུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་རྣམས་པས་ཁེངས།

ཟླ6པའི་ཚེས15ཉིན། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་རྒྱ་ཏིག་གྲོང་རྡལ་བྲག་ལུང་སྡེ་བའི་ནགས་ར་རུ་སོང་བ་ན། ཤང་གི་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་རྣམས་མཉམ་དུ་འཛོམས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱེད་བཞིན་པའི་རྣམ་པ་མཐོང་། ཚང་མས་གླེང་མོལ་དང་བསམ་བློ་བརྗེ་བྱས་ཏེ། རྗེས་ཕྱོགས་འཆར་འགོད་ལྟར་ཕུ་དུང་བརྫེས་ནས་ལས་ལ་འབུངས་བ་དང་། མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བར་བསྐྲུན་དགོས་པའི་བསམ་ཚུལ་བཏོན།

ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྔོ་ཚལ་ཕྱིར་འདྲེན་བྱེས་ས་གཙོ་བོ་ཡིན་པའི་ཆ་ནས། ཧུའུ་ཀྲུའུ་རྫོང་གིས“ཚོན་མདངས་བཀྲ་བའི་ཞིང་ལས”ལ་བརྟེན་ནས། རྒྱལ་ཡོངས་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་བཞིན་ཡོད། བྲག་ལུང་སྡེ་བའི་ཁྱད་ལྡན་རྒྱ་སྲན་འདེབས་འཛུགས་རྟེན་གཞི་རུ། ཞིང་བ་རྣམས་ཀྱིས་ཡུར་མ་ཡུར་ནས་ལུད་རྫས་འཇོག་བཞིན་ཡོད་ལ། སྐྱེ་ཚུལ་ལེགས་པའི་ལོ་ཏོག་ལ་ལྟ་བཞིན་ཞིང་བ་རེ་རེའི་གདོང་ལ་འཛུམ་གྱིས་ཁེངས།

དྲོད་ཁང་དུ་འབྲི་ཏ་ས་འཛིན་དམར་མདངས་བཀྲ་བ་དང་། དབྱར་རྩྭ་དགུན་འབུས་མང་ཚོགས་ཀྱི་ཡོང་སྒོ་སྐྲུན་པའི་ཐབས་ལམ་རྒྱ་བསྐྱེད་པ། ཞིང་ཁྱིམ་དཔེ་ཁང་དེ་གྲོང་གསེབ་དར་སྤེལ་གྱི་ཤུགས་རྒྱག་ས་རུ་གྱུར། གྲོང་གསེབ་དར་སྤེལ་གྱི་ལས་གཞི་ཆེན་མོ་རིམ་བཞིན་གང་སར་སྤེལ་མགོ་བརྩམས། མཇུག་སྒྲིལ་མ་ཐག་པའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བརྗིད་ཉམས་ཆེ་བའི་འཆར་གཞི་བཟོས་ཏེ། གྲོང་གསེབ་དར་སྤེལ་ལ་འབད་འབངས་བྱེད་པའི་དུང་བརྡ་ཡང་བསྐྱར་བཏང་། ཞིང་ལས་སྟོབས་ལྡན་དང་གྲོང་གསེབ་མཛེས་སྡུག མང་ཚོགས་འབྱོར་ཕྱུག་ལྡན་པའི་དམིགས་འབེན་ལ་ཕྱོགས་ཏེ། འབད་པ་ཆེན་པོས་དུས་རབས་གསར་བའི་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་བ་རྩོམ་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།