ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་ལ་རྒྱལ་ཡོངས་ཆེད་ཁེ་ལས་ཚབ་པའི་ཐོབ་ཐང་རྒྱུགས་ལེན་རྒྱུགས་ར་འཛུགས་པའི་ཆོག་མཆན་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་གཞུང་ལས་ཁང་གིས《2022ལོའི་ཆེད་ཁེ་ལས་ཚབ་པའི་ཐོབ་ཐང་རྒྱུགས་ལེན་རྒྱུགས་རའི་འབྲེལ་ཡོད་བྱ་བའི་སྐོར་གྱི་བརྡ་སྦྱོར》བཀྲམ་ནས། ཟི་ལིང་གྲོང་ཁྱེར་ནི2022ལོའི་རྒྱལ་ཡོངས་ཆེད་ཁེ་ལས་ཚབ་པའི་ཐོབ་ཐང་རྒྱུགས་ལེན་རྒྱུགས་རའི་གྲས་སུ་ཚུད་པར་གཏན་ལ་ཕབ་ཅིང་། དེས་རང་ཞིང་གི་ཤེས་བྱའི་ཐོན་དབང་དོ་དམ་ཞབས་ཞུ་བྱ་བ་དང་འཇོན་མི་རུ་དཔུང་འཛུགས་སྐྱོང་ཐད་ངོ་བོ་རང་བཞིན་གྱི་མདུན་སྐྱོད་བྱས་པ་མཚོན་ཡོད། 

བསྡོམས་རྩིས་ལྟར་ན། 2016ལོ་ནས་བཟུང་རང་ཞིང་དུ་ལོ་རེར་མི་ཁྲི70ལ་ཉེ་བས་ཆེད་ཁེ་ལས་ཚབ་པའི་ཐོབ་ཐང་རྒྱུགས་ལེན་ལ་ཞུགས་པར་ཐོ་བཀོད་པར་མ་ཟད། རྒྱུགས་ཞུགས་མི་གྲངས་ལོ་རེར་ཡར་འཕེལ་གྱི་གནས་བབ་མངོན་ཡོད། ལོ་འདི་འགའི་རིང་ལ། རྒྱུགས་ཞུགས་མི་གྲངས་ཉུང་བ་དང་རྒྱུགས་ལེན་ལས་སྒྲུབ་ནུས་པ་མི་འདང་བ་སོགས་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ལ་རྐྱེན་བྱས་ཏེ། རང་ཞིང་གིས་རེ་ཞུ་མང་པོ་ཕུལ་ཡང་རྒྱུགས་རའི་ཐོབ་ཐང་ལ་ཆོག་མཆན་མ་ཐོབ། རྒྱུགས་ཞུགས་པ་ཉེ་འགྲམ་གྱི་ཞིང་ཆེན་དུ་བསྐྱོད་ནས་རྒྱུགས་ལ་ཞུགས་པའི་འགྲིམ་འགྲུལ་དང་། ཞག་སྡོད་འགྲོ་སོང་མཐོ་པར་མ་ཟད། ཞིང་ཆེན་སོ་སོའི་རིམས་ནད་འགོག་སྡོམ་སྲིད་ཇུས་འཚམ་པར་བྱེད་པའི་ཕྱོགས་ནས་དཀའ་ཁག་ཅུང་ཆེ། 

དེ་བས། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་རྟོག་དོ་དམ་ཅུའུ་ཡིས་དུས་ལྟར་རྒྱལ་ཡོངས་ཤེས་བྱའི་ཐོན་དབང་ཅུའུ་ལ་རྒྱུགས་རའི་ཐོབ་ཐང་རེ་ཞུ་བྱས་པ་དང་། རྒྱུགས་རའི་གྲོང་ཁྱེར་གྱི་རྨང་གཞི་ནུས་པ་འཛུགས་སྐྲུན་དང་འགན་སྲུང་བྱ་བ་ཁག་གི་འཕྲལ་བསྟུན་སྔོན་ཇུས་སྔོན་ལ་ལེགས་པར་བཟོས་ཏེ། རང་ཞིང་གི་རྒྱུགས་ཞུགས་པ་ཞིང་ཆེན་བརྒལ་ནས་རྒྱུགས་ལེན་དུ་བསྐྱོད་པའི་དཀའ་ངལ་ངེས་པ་དོན་གྱིས་ཐག་བཅད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།