ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས103འཚོགས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཡུས་ཚུང་ལེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཝང་ལི་མིང་དང་མ་ཝེ། ཉའོ་ཁྲུན་ཡུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཅ་དབྱིང་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་གློག་སྐས་བདེ་འཇགས་སྐོར་གྱི་སྲོལ་ཡིག(འཆར་ཟིན)ལ་གཅིག་གྱུར་གྱིས་ཞིབ་བཤེར་བྱས་པའི་གནས་ཚུལ་ལ་རིམ་པ་བཞིན་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྲོལ་ཡིག(འཆར་ཟིན) མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱས་པའི་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་བསྐོ་གཞག་བྱས་རྗེས་ལྟ་སྐུལ་བྱེད་ཐབས་སོགས་ཀྱི་བྱ་བར་གྲ་སྒྲིག་བྱས་པའི་སྐོར་གྱི་སྙན་ཞུ།། ཟི་ལིང་གྲོང་ཁྱེར་གྱི་སྡེ་ལས་དོ་དམ་སྲོལ་ཡིག(བཟོ་བཅོས)རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས)མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལག་བསྟར་བྱེད་པའི་གཉེན་སྒྲིག་ལོ་ཚད་སྐོར་གྱི་བབ་བསྟུན་གཏན་འབེབས་དང་། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལག་ལེན་བསྟར་བྱེད་པའི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་གཏན་འབེབས་དང་། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་གྲོང་གསེབ་ཐོན་ལས་དར་སྤེལ་ཡར་སྐུལ་སྲོལ་ཡིག དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)སོགས་གྲ་སྒྲིག་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་དང་། 2022ལོའི་ལོ་སྟོད་ཀྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2021ལོའི་ནོར་སྲིད་ངེས་རྩིས་དང་རྩིས་བཤེར་དེ་བཞིན2020ལོའི་རྩིས་བཤེར་གནད་དོན་རྩད་ཆོད་བྱུང་བ་བཅོས་སྒྲིག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལྔ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་སུ“འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་ལས་བྱའི་ཁུར་པོ་དང་སློབ་ཕྱིའི་ཟབ་སྦྱོང་གི་ཁུར་པོ་ཇེ་ཡང་དུ་གཏོང་བའི”སྐོར་གྱི་ཆེད་དོན་བྱ་བའི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཞིང་ཆེན་ཁོར་ཡུག་ཐོན་ཁུངས་འདྲི་གཅོད་བྱ་བའི་སྙན་ཞུ་དང་དེ་བཞིན་མི་དོན་བསྐོ་འཐེན་བྱ་བའི་སྐོར་གྱི་སྙན་ཞུ་སོགས་གྲ་སྒྲིག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་རེད། ཀྲུའུ་རེན་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་ནང་བཅུག་སྟེ་ཐེངས་རྗེས་མའི་ཀྲུའུ་རེན་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་འབུལ་བར་མོས་མཐུན་བྱུང་།

གྲོས་ཚོགས་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ་དང་། 2021ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་འགྲུབ་བྱས་པའི་གནས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུ།《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་གཏན་འབེབས》ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ཀྱི་གྲོས་ཞིབ་བསམ་འཆར་ལ་གྲོས་བསྡུར་བྱས ཀྲུའུ་རེན་གྲོས་ཚོགས་སྟེང་འབྲེལ་ཡོད་དོན་ཚན་སྒྲུབ་རྒྱུའི་མོས་མཐུན་བྱུང་།

གྲོས་ཚོགས་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།