ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ལག་བསྟར་དང་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས27ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་དགུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། སི་ཁྲོན་དུ་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། ཁྱོན་ཡོངས་ལ་སྤྱི་འདོམས་བྱས་ཡོད་ལ། ཁ་ཕྱོགས་གསལ་པོར་བསྟན་ཡོད་པས། ང་ཚོས་ཕྱིན་ཆད་ཀྱི་བྱ་བ་བཟང་པོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་རེ་བ་གལ་ཆེན་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དངོས་འབེབས་དང་འབྲེལ་མཐུད་བྱས་ཏེ། བསམ་སྦྱོར་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག》སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་བྱ་བར་ནན་ཏན་བྱས་ནས། གྲོས་མོལ་གྱི་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མཚོ་སྔོན་གྱི་ཕུལ་བྱུང་མི་རིགས་རིག་གནས་སྔོག་འདོན། རིགས་སོ་སོའི་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་སོགས་ཀྱི་བྱ་བར་དམིགས་ནས་གྲོས་འདོན་སྲིད་གླེང་དང་ངོས་འཛིན་གཅིག་བསྡུས་བྱས་ཏེ། དངོས་འབེབས་བྱེད་པ་དང་གཅིག་བསྡུ་ཡོང་བའི་ཆབ་སྲིད་འགན་འཁྲི་སྔར་ལས་ལྷག་པར་ཕྲག་ཏུ་ལེན་དགོས། 

ཚོགས་ཐོག་ནས《ཞིང་ཆེན་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་སྤུས་ཚད་དཔྱད་འཇོག་བྱ་བའི་བྱེད་ཐབས》ལ་གྲོས་ཞིབ་བྱས་ཤིང་། ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་འཛུགས་སྐྲུན་གྲ་སྒྲིག་བྱ་བའི་གནས་ཚུལ་གྱི་སྙན་ཞུར་མཉན་པ་དང་། འབྲེལ་ཡོད་མི་དོན་དོན་ཚན་ཁག་ལ་ཞིབ་འཇུག་བྱས། 

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་པད་གོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་མཱ་ཅི་ཞའོ་དང་ཀྲང་ལི། མཱ་ཧེ་དབྱིན། ཏུའུ་ཏི་ཀྲི། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ཕེང་ཡོའུ་ཏུང་། ལིའུ་ཏ་ཡའེ་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།