བཟོ་ཞིང་ཏང་གི་མཚོ་སྔོན་ཞིང་ཆེན་ཐེངས་བརྒྱད་པའི་འཐུས་མི་ཚོགས་ཆེན་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། བཟོ་ཞིང་ཏང་གི་མཚོ་སྔོན་ཞིང་ཆེན་ཐེངས་བརྒྱད་པའི་འཐུས་མི་ཚོགས་ཆེན་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ་ཡིས་བརྙན་རིས་བརྒྱུད་ནས་ཤིས་ཚིག་ཕུལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན། ཧྲིན་ཀྲང་གཞོན་པ་ལི་ཧོང་ཡ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་བཅས་མགོ་རྩོམ་མཛད་སྒོར་ཞུགས། 

ཁྲེན་ཀྲུའུ་ཡིས་བསྟན་དོན། ལོ་ངོ་ལྔའི་རིང་བཟོ་ཞིང་ཏང་མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་བཟོ་ཞིང་ཏང་གི་ཏང་ཡོན་གྱི་སྣེ་ཁྲིད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱོན་དག་གི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཤིང་། བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཐོབ། རེ་བར་བཟོ་ཞིང་ཏང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་རྒྱ་ཆེའི་བཟོ་ཞིང་ཏང་ཡོན་ཚོའི་སྣེ་ཁྲིད་དེ་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱེད་པ་དང་། “འདུ་ཤེས་བཞི”མཐོར་བཏེགས་ནས“ཡིད་ཆེས་བཞི”སྲ་བརྟན་དུ་བཏང་སྟེ། “སྲུང་སྐྱོང་གཉིས”སྒྲུབ་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དཔེ་བསྡུར་བྱས་ནས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་བའི་གཙོ་གནད་ལ་དམིགས་ཏེ། སྲིད་འདྲི་ཐབས་འདོན་ཐད་ཤུགས་བསྣོན་དང་སྤྱི་ཚོགས་ཞབས་ཞུའི་སྟེང་དམངས་འཚོའི་བདེ་སྐྱིད་གསབ་བསྣོན་བྱེད་པར་འབད་བརྩོན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བཟོ་ཞིང་ཏང་གི་བྱས་རྗེས་གསར་བ་འཇོག་པ་དང་། “གསར་བ་བཞི”དང“བཟང་པོ་གསུམ”གྱི་བླང་བྱ་ལྟར། “འཐབ་ཇུས་ཆེན་པོ་ལྔ”ལག་བསྟར་བྱས་ནས། རང་སྟེང་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བས་སྲིད་ཞུགས་ཏང་གི་རྣམ་པ་གསར་བ་མངོན་པར་བྱེད་པ་དང་། དོན་དངོས་བྱ་སྤྱོད་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་བ་དང་བཟོ་ཞིང་ཏང་གི་ཚོགས་ཆེན་བཅུ་བདུན་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། 

པད་གོས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། བཟོ་ཞིང་ཏང་གི་མཚོ་སྔོན་ཞིང་ཆེན་ཐེངས་བཅུ་བདུན་པའི་འཐུས་མི་ཚོགས་ཆེན་ཚུན་ལ། བཟོ་ཞིང་ཏང་ཞིང་ཆེན་ཨུ་ལྷན་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་བློ་སེམས་གཅིག་ལ་ཕྱོགས་ཤིང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་དང་འབྲེལ་ནས། སྲིད་ཞུགས་སྲིད་གླེང་དང་ཐབས་འདོན་ཇུས་འབུལ་བྱས། བསམ་བློ་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་ཁོང་དུ་ཆུད་པར་བྱས་ནས། ཏང་མང་མཉམ་ལས་ཀྱི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་། སྲིད་ཞུགས་ཏང་གི་རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣོན་དང་། ཆབ་སྲིད་ཀྱི་དམ་འཛིན་ནུས་ཤུགས་དང་སྲིད་ཞུགས་སྲིད་གླེང་ནུས་ཤུགས། རྩ་འཛུགས་མགོ་ཁྲིད་ནུས་ཤུགས། མཉམ་ལས་ལས་སྒྲུབ་ནུས་ཤུགས། དེ་མིན་རང་སྟེང་གི་གནད་དོན་ཐག་གཅོད་ནུས་ཤུགས་བཅས་མཐོར་འདེགས་བཏང་། རེ་བར་བཟོ་ཞིང་ཏང་གི་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་གྱིས་བཏོན་པའི་འཐབ་ཇུས་གལ་ཆེན་དང་བཀོད་སྒྲིག་གལ་ཆེན། ལས་འགན་གལ་ཆེན་བཅས་དང་དམ་དུ་འབྲེལ་ཏེ། རྟོག་ཞིབ་ཞིབ་འཇུག་དང་ཐབས་འདོན་ཇུས་འབུལ་སྒོས། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།