ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་བདག་དབང་གི་ནུས་སྟོབས་ཆེ་བའི་ཁེ་ལས་སྐོར་ཞིག་གསོ་སྐྱོང་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། རང་ཞིང་གིས་ཤེས་བྱའི་བདག་དབང་གྲངས་ཀ་དང་སྤུས་ཚད་ཅུང་བཟང་ཞིང་། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་ནུས་ཤུགས་ཅུང་ཆེ་བ་དང་། ཤེས་བྱའི་བདག་དབང་ཚོང་རའི་འགྲན་རྩོད་དགེ་མཚན་ཐོག་མར་གྲུབ་ཅིང་ས་ཁོངས་ཤན་ཤུགས་ལྡན་པའི་ནུས་སྟོབས་ཆེ་བའི་ཁེ་ལས་སྐོར་ཞིག་གསོ་སྐྱོང་བྱ་རྒྱུ་རེད། 2025ལོར། རྒྱལ་ཁབ་ཤེས་བྱའི་བདག་དབང་དགེ་མཚན་དཔེ་སྟོན་ཁེ་ལས་དང་། མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་དགེ་མཚན་ཁེ་ལས་གྲངས་ཀ་བསྡོམས་རྩིས་བྱས་ན70ལ་སླེབས་ཤིང་། ཤེས་བྱའི་བདག་དབང་དོ་དམ་ཚད་ལྡན་ངོས་ལེན་ཐོབ་པའི་གཙོ་གཞི་གསར་སྐྲུན་གྱི་གྲངས་ཀ50ལ་སླེབས།

ཉེ་ཆར། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་དགེ་མཚན་ཁེ་ལས་གསོ་སྐྱོང་བྱ་བའི་བྱེད་ཐབས(2022-2025ལོ)》དང《མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་གསར་སྐྲུན་དོ་དམ་ཚད་ལྡན་བྱ་བའི་བྱེད་ཐབས(2022-2025ལོ)》དཔར་འགྲེམ་བྱས་ཤིང་། ཁེ་ལས་ཀྱི་ཤེས་བྱའི་བདག་དབང་གསར་སྐྲུན་དགེ་མཚན་མཐོར་འདེགས་དང་། ཤེས་བྱའི་བདག་དབང་བེད་སྤྱོད་དགེ་མཚན། ཤེས་བྱའི་བདག་དབང་དོ་དམ་དང་སྲུང་སྐྱོང་དགེ་མཚན་བཅས་ཕྱོགས་གསུམ་གྱི་ཁེ་ལས་གསོ་སྐྱོང་བྱ་བ་སྤེལ། གཏན་འཁེལ་བྱས་པའི་ཞིང་ཆེན་རིམ་པའི་ཤེས་བྱའི་བདག་དབང་དགེ་མཚན་ཁེ་ལས་དང་ཤེས་བྱའི་བདག་དབང་ངོས་ལེན་ཐོབ་པའི་ལས་ཁུངས་ལ་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་དང་། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་དགེ་མཚན་དཔེ་སྟོན་ཁེ་ལས་དང་ཀྲུང་གོའི་ཆེད་སྤྱོད་བྱ་དགའི་དཔྱད་འདེམས། མཚོ་སྔོན་ཞིང་ཆེན་གྱི་ཆེད་སྤྱོད་བྱ་དགའི་དཔྱད་འདེམས་ཐོབ་པར་སྔོན་ལ་འོས་སྦྱོར་རེ་ཞུའི་ཐོབ་ཐང་ཡོད།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།