ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཡི་རི་ཀླུང་མཛེས་ཤིང་མི་དང་རང་བྱུང་འཆམ་མཐུན་མཉམ་དུ་གནས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས“མཚོ་སྔོན་གྱི་ལོ་ངོ་བཅུ”ཞེས་པའི་ཡུས་ཧྲུའུ་ཡི་ཆེད་དོན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། འདས་ཟིན་པའི་ལོ་ངོ་བཅུ་ཡི་རིང་། ཡུས་ཧྲུའུ་ཁུལ་དུ་ནགས་ཚལ་མུའུ་ཁྲི92.82གསར་སྣོན་བྱས་པ་དང་། ནགས་ཚལ་ཁེབས་ཚད3.97%མཐོར་འདེགས་བྱུང་ལ། མངའ་ཁོངས་ཀྱི་གཙང་བོའི་ཆ་སྙོམས་ཀྱི་བཞུར་ཚད་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར297འཕར་སྣོན་བྱུང་། གསའ་དང་གཟིག་ཁྲ་ཐིག་ཅན་སོགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་སྒོས་ཇེ་མང་དུ་སོང་ནས། རོང་འབྲོག་པ་ཁྲི1.8སྐྱེ་ཁམས་དོ་དམ་པ་རུ་གྱུར་ཡོད་ཅིང་། ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི2.16ལ་སླེབས་ནས། མི་ཁྲི31ཙམ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཡོང་སྒོ་འཕར་སྣོན་བྱུང་། ད་ལྟའི་གཙང་གསུམ་འབྱུང་ཡུལ་དུ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་། རི་ཀླུང་མཛེས་ལ་མིའང་མཛེས་པའི་རི་མོ་ཞིག་གྲུབ་ཡོད།

རྗེས་མར་ཡུས་ཧྲུའུ་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་གནས་སྟངས་ཁྲོད་རང་འགུལ་གྱིས་འདྲེས་སུ་བཅུག་ནས། ཡུས་ཧྲུའུ་ཡི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཏེ། ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་ཀུན་ཕན་ཁུལ་བསྐྲུན་པར་ཤུགས་བསྣན་ནས། གཙང་གསུམ་འབྱུང་ཡུལ་གཙང་སེལ་བྱེད་པའི་འགུལ་སྐྱོད་ནན་ཏན་གྱིས་སྤེལ་བ་དང་། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ལམ་ལུགས་ཧུར་ཐག་གིས་བསྐྲུན་ཏེ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་བཏང་ནས། ལྗང་མདོག་ཐོན་ལས་ཕྲེང་འབྲེལ་སྤྱི་འདོམས་འཆར་འགོད་བྱས་པ་བརྒྱུད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་ཆེན་མོའི་འཐབ་ཇུས་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་ཚད་མཐའ་སྲུང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བར་བསྐྱོད་དགོས་ཤིང་། མཛེས་སྡུག་ཀྲུང་གོའི་ཡུས་ཧྲུའུ་ཡི་ལེའུ་རྩོམ་དགོས།  །

LOCAL1655719155342QFK5B1IDV1.jpg

ཡུས་ཧྲུའུ་གྲོང་ཁྱེར་གྱི་སྐྱེ་རྒུ་སྤྱི་གླིང་།

LOCAL1655720011311ZUP7JVU3LC.jpg

ཡུས་ཧྲུའུ་གྲོང་ཁྱེར་ལ་ཐུར་ལྟ་བྱེད་པ།

LOCAL1655720029611YPPAO6KWRK.jpg

LOCAL1655720041457LDTXMRRJM7.jpg

LOCAL1655720052088K53RFM7ILA.jpg

LOCAL16557200689506L4GYGTYPJ.jpg

ཡུས་ཧྲུའུ་ཡི་མཛེས་ལྗོངས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།