ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དོ་དམ་ལས་བྱེད་པའི་བསྐོ་འཇོག་སྔོན་གྱི་སྤྱི་བསྒྲགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་གྱི་དོ་དམ་ལས་བྱེད་པའི་བསྐོ་འཇོག་སྔོན་གྱི་སྤྱི་བསྒྲགས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། ད་ལྟ་བསྐོ་འཇོག་བྱེད་འཆར་ཡོད་པ་དང་བེད་སྤྱོད་བྱེད་པའི་ལས་བྱེད་པའི་སྤྱི་བསྒྲགས་གཤམ་གསལ་ལྟར། 

ཕན་ཧྥིན། ཕོ། རྒྱ་རིགས། 1966ལོའི་ཟླ1པོར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་ཡོད། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བསྐོ་འཇོག་བྱ་རྒྱུ། 

ཚའེ་ཧའོ་ལིང་། ཕོ། རྒྱ་རིགས། 1970ལོའི་ཟླ8པར་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས་ཡོད། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བསྐོ་འཇོག་བྱ་རྒྱུ། 

ཧུ་ཚན། ཕོ། རྒྱ་རིགས།1967ལོའི་ཟླ7པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ།གཞུང་སྒྲུབ་ཐིང་གི་རིམ་པ་དང་པོའི་སྐོར་ཞིབ་པ། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བསྐོ་འཇོག་བྱ་རྒྱུ། 

ཝང་ཀྲི་ཀྲུང་། ཕོ། རྒྱ་རིགས།1967ལོའི་ཟླ11པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས་ཡོད། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བསྐོ་འཇོག་བྱ་རྒྱུ། 

ཝང་ཧུའུ་ཁྲིན། ཕོ། རྒྱ་རིགས། 1965ལོའི་ཟླ8པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པའི་འགན་བཞེས་ཡོད། རིམ་པ་གཉིས་པའི་ཉེན་རྟོག་ལས་གཉེར་ཆེད་མི། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བསྐོ་འཇོག་བྱ་རྒྱུ། 

ལི་ཆིན། མོ། རྒྱ་རིགས། 1968ལོའི་ཟླ12པར་སྐྱེས། གོ་མིན་ཏང་མནའ་འབྲེལ་ཁོངས་མི། སློབ་ཆེན་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བསྐོ་འཇོག་བྱ་རྒྱུ། 

ཐའོ་ཡུང་ལི། ཕོ། རྒྱ་རིགས། 1971ལོའི་ཟླ6པར་སྐྱེས། ཀྲུང་གུང་ཏང་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་བའི་འགན་བཞེས་ཡོད། སྔར་ལས་བེད་སྤྱོད་བྱེད་འཆར་ཡོད། 

ལི་མིན། ཕོ། རྒྱ་རིགས། 1972ལོའི་ཟླ8པར་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་ཡོད། རྫོང(གྲོང་ཁྱེར་དང་ཆུས)ཏང་སྲིད་ལས་རྐང་དུ་བསྐོ་འཆར་ཡོད། 

སྤྱི་བསྒྲགས་དུས་ཚོད་ནི། 2022ལོའི་ཟླ6པའི་ཚེས21ཉིན་ནས་ཚེས27ཉིན་བར། སྤྱི་བསྒྲགས་སྐབས་སུ་ལས་རིགས་ཁག་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཁ་པར་དང་འཕྲིན་ཡིག ངོ་གཏུགས་ཞུ་ཡིག དྲ་ཐོག་ཞུ་གཏུགས་སོགས་ཀྱི་རྣམ་པས། མིང་བཀོད་ནས་སྤྱི་བསྒྲགས་ཁ་གཏད་ཀྱི་ཀུན་སྤྱོད་དང་འཇོན་ནུས། གྲུབ་འབྲས་སོགས་ཐད་ཀྱི་གནས་ཚུལ་དང་། གནད་དོན་ཐད་དངོས་ཐོག་བདེན་འཚོལ་དང་དྲང་བདེན་སྒོས་གནས་ཚུལ་མངོན་དགོས། 

ས་གནས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ལྟ་སྐུལ་ཁྲུའུ། (སྦྲགས་སྲིད་ཨང་གྲངས810000)

 ཞུ་གཏུགས་ཁ་པར། (0971)12380

ཞུ་གཏུགས་དྲ་གནས། http://www.qh12380.gov.cn ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ།

 2022ལོའི་ཟླ6པའི་ཚེས20ཉིན། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།