ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ལས་ཁུངས་གཅིག་དང་མི་སྒེར་གསུམ་ལ་གཟེངས་བསྟོད་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་རིག་དངོས་ཅུའུ་ཡིས་རིག་དངོས་ཁོངས་གཏོགས་ཀྱི་རྒྱལ་ཡོངས་བྲག་ཕུག་དགོན་པའི་ཆེད་དོན་བརྟག་དཔྱད་ཁྲོད་སྔོན་ཐོན་ལས་ཁུངས50དང་། ཕུལ་བྱུང་མི་སྒེར156ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་ཤིང་། དེའི་གྲས་སུ་མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས1དང་མི་སྒེར3ལ་གཟེངས་བསྟོད་ཐོབ་པ་རེད།

མཚོ་སྔོན་ཞིང་ཆེན་དུ་བརྡ་ཁྱབ་བཏང་སྟེ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ལས་ཁུངས1ནི་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡིན་པ་དང་། ཕུལ་བྱུང་མི་སྒེར3ནི་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་སུའོ་ཡི་ཏུའུ་ཝུའེ་དང་ཞ་ཡན་ཕིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་རིག་དངོས་དོ་དམ་སུའོ་ཡི་ཀརྨ་གངས་སེང་བཅས་རེད།

བརྟག་དཔྱད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་དུ་བྲག་ཕུག་དགོན་པ་བསྡོམས་པས31ཡོད་པ་དང་། དེ་དག་གཙོ་བོ་ཤར་རྒྱུད་ཀྱི་ཙོང་ཆུའི་ལུང་གཞུང་དུ་གནས་པ་དང་། བྲག་བརྐོས་སྐུ་བརྙན་གཙོ་བོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ཁྱབ་ཡོད། དེའི་བཞེངས་སྐྲུན་ལོ་རྒྱུས་ནི་ལྷོ་བྱང་རྒྱལ་རབས་ནས་མིང་ཆིང་རྒྱལ་རབས་བར་ཡིན་ལ། རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་བྲག་ཕུག་དགོན་པ་སྲུང་སྐྱོང་དང་ཉམས་གསོ། ཞིབ་འཇུག་འགྲེལ་བཤད། འགྲེམ་སྟོན་བརྒྱུད་འཛིན་སོགས་ཀྱི་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱུ་རེད།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།