“མཚོ་སྔོན་གྱི་ལོ་ངོ་བཅུ”ཞེས་པའི་ཡུས་ཧྲུའུ་ཆེད་དོན་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས“མཚོ་སྔོན་གྱི་ལོ་ངོ་བཅུ”ཞེས་པའི་ཡུས་ཧྲུའུ་ཆེད་དོན་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཅཱ་ནའེ་ཧོང་གིས་ཁུལ་འདིའི་ལོ་ངོ་བཅུའི་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་སོགས་སྡེ་ཁག་གི་འགན་ཁུར་བས་ཡུལ་དངོས་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་དང་། ཡུས་ཧྲུའུ་ཡི་མདུན་བསྐྱོད་གསར་བའི་འགྱུར་ལྡོག་རང་བཞིན་གྱི་ལག་ལེན་དང་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས། རྟགས་མཚན་རང་བཞིན་གྱི་འབྲས་བུ་བཅས་མཚམས་སྦྱོར་བྱས། 

ལོ་ངོ་བཅུའི་རིང་། ཡུས་ཧྲུའུ་ཡི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་གྱིས་མཐོར་འདེགས་སུ་སོང་། ཐོན་ལས་ཆིག་རྐྱང་ནས་རྒྱུ་མང་ཅན་དུ་ཕྱོགས་ཤིང་། སྲོལ་རྒྱུན་ནས་དེང་རབས་སུ་ཕྱོགས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་སྔ་ན་མེད་པའི་མཐོར་འདེགས་བྱུང་། སྲོལ་རྒྱུན་ཕྱུགས་ལས་མགྱོགས་མྱུར་ངང་“སྐྱེ་ལྡན་དང་ཟོང་རྟགས། མཐོ་རིམ”གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཕྱོགས་སུ་རྣམ་པ་བསྒྱུར་བ་དང་། “ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་སའི་གཙོ་འདོན་ཁུལ”དུ་ཕྱོགས་ལ། རིག་གནས་གནས་སྐོར་ཉོ་ཚོང་མཉམ་འདྲེས་འཕེལ་རྒྱས་ནས་“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་སའི་ཐོག་མའི་གདམ་ཁུལ”གྱི་ཕྱོགས་སུ་བསྐྱོད་ཅིང་། གཙང་གསུམ་འབྱུང་ཡུལ་དག་གཙང་དྲོད་འདོན་བཟོ་སྐྲུན་དང་། རྡོ་སོལ་འཛད་སྤྱོད་ཉུང་གཏོང་ཚད་གཞིའི་ཚབ་བྱེད་བྱ་འགུལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ “དག་གཙང་ནུས་ཁུངས་ཁྱབ་གདལ་ཁུལ”འཛུགས་སྐྲུན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད། 

ལོ་ངོ་བཅུའི་རིང་། ཡུས་ཧྲུའུ་དམངས་འཚོ་འགན་སྲུང་ཆུ་ཚད་ལྡབ་འགྱུར་གྱིས་ལེགས་བཅོས་ཐོབ། ནོར་སྲིད་སྤྱིའི་ཕྱིར་གཏོང་གི75%ཡན་དམངས་འཚོའི་ཐད་བཀོལ་བ་དང་། དབུལ་ཕོངས་གྲོང་ཁྱེར་དང་རྫོང6གི་དབུལ་ཞྭ་ཕུད་ཅིང་། སྡེ་བ104དབུལ་ཕོངས་སྡེ་བ་ལས་ཕྱིར་བུད་པ་དང་། དབུལ་ཕོངས་མི་གྲངས་ཁྲི12.98དབུལ་ཐར་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཡོད། མི་རིགས་སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་མུ་མཐུད་ནས་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ནང་ཁུལ་གྱི་བོད་འབྲེལ་ས་ཁུལ་དུ་དབང་རྩའི་ནད་ཀྱི་ཁམས་གསོ་སྨན་ཁང་དང་འགོས་ནད་སྨན་ཁང་གསར་འཛུགས་བྱས་ལ། ས་གནས་ནད་རིགས་འགོ་ཚད་ལ་མངོན་གསལ་གྱིས་ཚོད་འཛིན་ཐེབས་པ་དང་། རྩ་བའི་སྟེང་ནས་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ནད་ཀྱི་དབང་གིས་དབུལ་བོར་བསྐྱར་ལོག་བྱེད་པ་བཅོས་བསྒྱུར་བྱས། སྤྱི་ཚོགས་འགན་སྲུང་ཞབས་ཞུའི་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་སྲུང་ཁྲོད་ཞུགས་ཚད་དང་། མ་མཐའི་རྒན་གསོའི་འགན་སྲུང་ཁྲོད་ཞུགས་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན། 

ལོ་ངོ་བཅུའི་རིང་། ཡུས་ཧྲུའུ་ཁུལ་གྱི་མཁར་ཤང་འཕེལ་རྒྱས་ཡར་ངོའི་ཟླ་ལྟར་འཕེལ། ཡུས་ཧྲུའུ་དཔལ་ཐང་གནམ་གྲུ་ཐང་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་མཁའ་འགྲུལ་བྱེད་མགོ་བརྩམས་པ་དང་། ཞིང་ཆེན་ནང་ཁུལ་གྱི་འཕེལ་ཚད་ཆེས་མཐོ་བའི་གནམ་གྲུ་ཐང་དུ་གྱུར་ཞིང་། ཡུས་ཧྲུའུ་ནས་གུང་ཧོ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱས་པ་དང་། ཞིང་སྡེའི་བགྲོད་ལམ་ཤར་གཏོང་ཚད100%ལ་སླེབས་ལ། སྲིད་འཛིན་སྡེ་བར4Gདྲ་རྒྱའི་ཁེབས་ཚད100%ལ་སླེབས། རྒྱལ་ཁབ་གློག་དྲའི་ཁེབས་ཚད་དེ་ཤང་དང་གྲོང་རྡལ34ཡི་སྡེ་བ149ལ་ཁེབས་ནས་ཡུས་ཧྲུའུ་རུ་གློག་དྲ་ཆེན་པོ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ལ། ཡུས་ཧྲུའུ་གྲོང་ཁྱེར་དེ“རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར”དང“རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར”ནང་ཚུད་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།