ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན་ནས་ཚེས15ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིན་གྱིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ“《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱས་ཏེ་ནར་མ་སོན་པའི་མིའི་བདེ་ཐང་འཚར་ལོངས་ལ་སྲུང་སྐྱོང་བྱེད་པའི”ལག་བསྟར་ཆེད་དོན་རྟོག་ཞིབ་བྱ་བ་སྤེལ།
དེའི་སྐབས་སུ། རྟོག་ཞིབ་ཚན་ཆུང་གིས་སྔ་གཞུག་ཏུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། དེའི་ཁོངས་གཏོགས་རྫོང་གི་ཁྲིམས་འཛིན་སྡེ་ཁག་དང་སློབ་གྲྭ་འབྲིང་ཆུང་སོགས་ལས་ཁུངས་སུ་སོང་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་པ་མ་ཟད། ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བའི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བ་དང་དགེ་རྒན་འཐུས་ཚབ། ཁྱིམ་བདག་འཐུས་ཚབ་སོགས་དང་བཞུགས་མོལ་བསམ་བློ་བརྗེ་རེས་བྱས།
མཱ་ཧའེ་དབྱིན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་སྟེ། ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བའི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ལེགས་པོ་བྱེད་པ་དང་། བརྩེ་བ་ཟབ་མོས་ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འགན་འཁྲི་དོན་འཁྱོལ་ཤུགས་དྲག་ཏུ་བཏང་ནས། ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ། ཁོངས་གཏོགས་ལས་ཁུངས་སོ་སོའི་བར་གྱི་མཐུན་སྦྱོར་སྒྲིག་སྲོལ་འཐུས་ཚང་དང་དེར་ཤུགས་བསྣན་ནས། ཏང་ཨུས་མགོ་ཁྲིད་དང་སྲིད་གཞུང་གིས་འགན་ཁུར་བ། དམངས་སྲིད་ཀྱིས་སྣེ་ཁྲིད་པ། སྡེ་ཁག་བར་མཐུན་སྦྱོར། སྤྱི་ཚོགས་དེའི་ནང་ཞུགས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བའི་རྣམ་པ་ཆགས་སུ་འཇུག་དགོས། ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དང་འབྲེལ་ཡོད་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་སྒྲོག་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་སུ་ནར་མ་སོན་པའི་མིའི་བདེ་ཐང་འཚར་ལོངས་ལ་དོ་སྣང་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཱ་ཧའེ་དབྱིན་གྱིས་ཆེད་དོན་རྟོག་ཞིབ་བྱ་བ་སྤེལ།