ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས་རིན་མེད་ཀྱི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་རིན་མེད་ངང་བསྡད་ཆོག་པའི་སྤྱི་སྤྱོད་རླངས་འཁོར་ཐོག་མ་དེ་དེ་རིང་ནས་བཟུང་ཤར་གཏོང་བྱས། རིན་མེད་ངང་སྤྱི་སྤྱོད་རླངས་འཁོར་ལ་འདུག་པའི་ལམ་ཐིག་ནི་ཞིན་ཉིང་ལམ་དང་། ཧྲེང་ལི་ལམ། ཁྲང་ཅང་ལམ། ཁུ་ནུ་ལམ་བཅས་ཡིན་པ་དང་། ལམ་ཕྱོགས་གཅིག་ལ་འཁོར་སྐྱོད་བྱེད་ཀྱི་ཡོད།  ལམ་ཚད་ཧྲིལ་པོར་སྤྱི་ལེ7.5ཡོད་པ་དང་། ལམ་བར་དུ་སྤྱི་སྤྱོད་རླངས་འཁོར་ས་ཚིགས15ཡོད་ཅིང་། བསྡོམས་པས་སྤྱི་སྤྱོད་རླངས་འཁོར8བཀོད་སྒྲིག་བྱས་ཡོད། ཚང་མ་ནུས་རྒྱུ་གསར་པའི་གློག་སྒུལ་རླངས་འཁོར་རེད། 

2022ལོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་དང་ཟི་ལིང་སྤྱི་སྤྱོད་རླངས་འཁོར་ཚོགས་པས“ཟི་ལིང་ཆེན་མོའི”འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས། ཞིང་ཆེན་དང་གྲོང་ཁྱེར་གྱིས་དམངས་འཚོར་ཕན་པ་དང་དམངས་འཚོར་འགན་ལེན་བྱེད་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རང་འགུལ་གྱིས་གྲོང་ཁྱེར་འཕེལ་རྒྱས་འགྲོ་བའི་ནང་ཞུགས་ནས། སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཇེ་ལེགས་སུ་བཏང་བས། སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་ཕྱིན་ཡོད། ཐེངས་འདིར་རིན་མེད་ཀྱི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་པ་དེ་ནི་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་ལ། ནུས་ཤུགས་ཡོད་རྒུས་དེང་རབས་ཀྱི་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་ཟི་ལིང་བསྐྲུན་རྒྱུའི་དངོས་སྒྲུབ་ཀྱི་བྱ་སྤྱོད་ཅིག་ཀྱང་རེད། ལམ་ཐིག་དེ་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དང་། མི་འབོར་འདུས་ཚད་ཆེ་ཁུལ། ཚོང་ལས་དར་རྒྱས་ཆེ་ཁུལ་དང་མི་ཚོགས་གཅིག་སྡུད་ཁུལ་བཅས་དང་སྦྲེལ་ཡོད། འགྲུལ་རྒྱུན་བསྡུ་གནས་དང་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གཙོ་བོ། འགྲིམ་འགྲུལ་ཚ་གནད་ཁུལ་བཅས་སུ་ནུས་ལྡན་ངང་འབྲེལ་མཐུད་བྱས་ནས། གྲོང་ཁུལ་གྱི་འགྲིམ་འགྲུལ་འགག་པའི་གནོན་ཤུགས་ནུས་ལྡན་ངང་ཆུང་དུ་གཏོང་རྒྱུ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།